འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལ་བ་ཡར་སྐུལ་ཨུ་ཡོན་ལྷན་ཁང་གིས"རྒྱུད་གཅིག་ལམ་གཅིག"
    གི་ཞིབ་འཇུག་སྙན་ཞུ་ཁྱབ་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་03ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་1ཉིན། ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལ་བ་ཡར་སྐུལ་ཨུ་ཡོན་ལྷན་ཁང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་འབྲེལ་བའི་ཞིབ་འཇུག་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དང་ནེའུ་ཙི་ལན་གྱི་ངོས་ནས་གྲོས་འགོ་དེ་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་དབྱེ་ཞིབ་བྱས་པ་རེད།
         སྙན་ཞུ་དེས་ནེའུ་ཙི་ལན་གྱི་ལེགས་ཆ་དང་ཁྱད་ཆོས་ཟུང་འབྲེལ་བྱས་ཏེ་གྲོས་འགོའི“ཤར་གཏོང་ལྔའི”རྒྱུ་རྐྱེན་གཙོ་བོ་གཞིར་བཟུང་ནེའུ་ཙི་ལན་ལ་དེ་ནས་ཕན་པ་ཐོབ་ཐུབ་པའི་སྦྲེལ་མཐུད་བཞི་བཏོན་པ་སྟེ། སྐྱེ་དངོས་བདེ་འཇགས་དང་། འགག་སྒོའི་ཞིབ་བཤེར་སྟབས་བདེ་ཅན། མཁོ་སྤྲོད་འབྲེལ་ཐག་གི་བཀོད་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཚོང་དོན་ལེགས་སུ་གཏོང་བ་དང་། ཀྲུང་གོ་དང་མེ་གླིང་ལྷོ་མའི་དབར་གྱི་མི་སྣ་དང་ཚོང་ཟོག་འགྲོ་རྒྱུག་བྱེད་པའི་སྒོ་མོ། རིག་གནས་གསར་གཏོད་ཐོན་ལས་རྨང་གཞིར་བྱེད་པའི་དམངས་སེམས་གཅིག་འགྲིལ། ཚན་ཞིབ་གསར་གཏོད་དང་བཀོལ་སྤྱོད་ཐད་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་སྦྲེལ་མཐུད་ཐུབ་པ་བཅས་རེད།
         ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལ་བ་ཡར་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཐང་ན་ཏེ·མའེ་ཅིང་ནུང་གིས་སྙན་ཞུའི་སྔོན་འགྲོའི་་གཏམ་ནང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་འདུན་པ་ཆེན་པོ་ལྡན་པའི་གྲོས་འགོ་ཞིག་རེད། སྙན་ཞུ་འདིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་མཉམ་ལས་མདུན་ལྗོངས་ལ་རྒྱང་ལྟ་བྱ་རྒྱུའི་ཚོད་ལྟ་བྱེད་བཞིན་ཡོད་ཅེས་བཤད་ཡོད།
         མའེ་ཅིང་ནུང་གིས་སྙན་ཞུ་འདི་ཁྱབ་བསྒྲགས་བྱས་པའི་དམིགས་ཡུལ་གཙོ་བོ་ནི་ནེའུ་ཙི་ལན་གྱི་ངོས་ནས་གྲོས་འགོ་འདིར་བལྟས་ཏེ་ཁེ་ཕན་དང་འབྲེལ་བ་ཡོད་མཁན་གྱི་གོ་སྐབས་དང་ཉེན་ཁ་བརྗོད་རྒྱུ་དེ་རེད། དེ་ནས་དོན་དངོས་དང་མཐུན་པའི་བྱེད་ཐབས་བརྒྱུད་ནེའུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་མིང་རྟགས་བཀོད་པའི“རྒྱུད་གཅིག་ལམ་གཅིག”གྲོས་འགོར་ཤུགས་སྣོན་རྒྱག་པའི་མཉམ་ལས་དྲན་ཐོའི་སྒྲོམ་གཞིའི་འོག་གྲོས་གཞི་དང་རྣམ་གྲངས་སྣ་ཚོགས་ལག་བསྟར་ལ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད། མཇུག་ཏུ་རྒྱལ་ཁབ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོ་དང་མཉམ་ལས་བྱེད་པའི་སྐབས་འདིར་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྐུལ་སྤེལ་སྔར་ལས་ལྷག་པ་ཡོང་རྒྱུའི་ཐད་ཀྱི་དབྱེ་ཞིབ་གྲོས་འགོ་ཞིག་འདོན་རྒྱུའི་རེ་བ་ཡོད་ཅེས་བཤད།
         ཨའོ་ཁེ་ལན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་པ་ཤུས་ཨར་ཝུན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་ཤུགས་དང་ལྡན་པའི་འཕེལ་རྒྱས་ཀྱི་དུས་བབ་རྒྱུན་འཁྱོངས་བྱས་པས། མཉམ་ལས་རོགས་ཟླའི་དགའ་བསུ་ཆེན་པོ་ཐོབ་ཡོད། ཀྲུང་ནེའུ་རྒྱལ་ཁབ་གཉིས་པོའི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་གོ་སྐབས་མང་པོ་ལྡན་ཡོད་ལ་དུས་འགོའི་འབྲས་བུའང་ཐོན་ཡོད། མིག་སྔར་གཟའ་འཁོར་རེར་ཀྲུང་གོའི་གྲོང་ཁྱེར་གཙོ་བོ་ཁག་གཅིག་ནས་ཨའོ་ཁེ་ལན་དུ་འཕུར་བའི་དུས་གཏན་གནམ་གྲུའི་ཐེངས་གྲངས་150ཟིན་པས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་དམངས་སེམས་སྤེལ་རེས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།