འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས་ལྔ་གཅིག་ངལ་གསོའི་རིང་ཕུན་སུམ་ཚོགས་པའི་རིག་གནས་རོལ་རྩེད་བྱེད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་03ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ལྔ་གཅིག་ངལ་གསོའི་རིང་ནང་སོག་རྟེན་རྫས་བཤམས་མཛོད་ཁང་གིས“དཀའ་སྤྱད་ངལ་རྩོལ་མ་བྱས་ན། འབྲུ་རིགས་སྣ་ལྔ་ལོངས་སྤྱོད་དཀའ”ཞེས་པ་དང“གཟའ་མཇུག་ཏུ་མཉམ་འཛོམས་བྱས་ནས—གླུ་ལེན་གར་འཁྲབ་བྱེད”ཅེས་པའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་ལྟད་མོ་བའི་དུས་ཆེན་གྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་རེད།
         《ཁུང་ཙིའི་གསུང་སྒྲོས་》ནང་ངལ་རྩོལ་ལས་བྲལ་བ་དང་འཚོ་བའི་ཤེས་བྱ་མི་འདང་བའི་མིར“དཀའ་སྤྱད་ངལ་རྩོལ་མ་བྱས་ན། འབྲུ་རིགས་སྣ་ལྔ་ལོངས་སྤྱོད་དཀའ”ཞེས་བརྗོད་ཡོད། ད་ཆ་གྲོང་ཁྱེར་དུ་འཚོ་བ་སྐྱེལ་མཁན་ཚོའི་ངོས་ནས་བརྗོད་ན། འབྲུ་རིགས་སྣ་ལྔ་དབྱེ་བ་འབྱེད་རྒྱུའང་ལས་སླ་པོ་ཞིག་མིན། ནང་སོག་རྟེན་རྫས་བཤམས་མཛོད་ཁང་གིས“དཀའ་སྤྱད་ངལ་རྩོལ་མ་བྱས་ན། འབྲུ་རིགས་སྣ་ལྔ་ལོངས་སྤྱོད་དཀའ”ཞེས་པའི་བྱེད་སྒོ་སྤེལ་བ་བརྒྱུད། ཀྲུང་གོའི་སྲོལ་རྒྱུན་གྱི་སོ་ནམ་འཚོ་བའི་ཁྲོད་ཀྱི“འབྲུ་རིགས”ཏེ“འབྲུ་རིགས་སྣ་ལྔ”ནས་འགོ་བཙུགས་ཏེ་ལྟད་མོ་བར་འབྲུ་རིགས་ཀྱིས་མེས་པོའི་འཚོ་བར་བྱུང་བའི་ཤུགས་རྐྱེན་ལ་བསམ་གཞིག་བྱ་རྒྱུར་ཁྲིད་སྟོན་བྱས་ནས་འཕེལ་རྒྱས་ཀྱི་བསམ་གཞིག་ཐོག་ནས་འབྲུ་རིགས་རིག་གནས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ལ་ཤེས་རྟོགས་བྱེད་པ་དང་འབྲུ་རིགས་སྣ་ལྔའི་རི་མོ་གསར་རྩོམ་བྱས་པ་བརྒྱུད་ལྟད་མོ་བའི་སྒྱུ་རྩལ་གྱི་བློ་སྦྱོང་དང་མཛེས་དཔྱོད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ལྟད་མོ་བས་རང་མོས་ངང་རང་བྱུང་ཁམས་ཆེ་མོ་དང་མེས་པོའི་བློ་གྲོས་ལས་བྱུང་བའི་གུས་བཀུར་གྱི་བསམ་བློ་རང་བཞིན་ངང་འཕེལ་བ་བྱས་ཏེ་འཐུས་སྒོ་ཚང་ལ་དོན་སྙིང་ལྡན་པའི་ལྔ་གཅིག་དུས་ཆེན་ཞིག་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།