འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཞས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་03ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་5པ་ནས་བཟུང་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སློབ་གསོ་དང་། དམངས་སྲིད། མི་སྤྱི། བཟོ་ཚོང་སོགས་སྡེ་ཚན་གྱིས་མཉམ་དུ་བྱ་སྤྱོད་སྤེལ་ནས་དུས་ཡུན་ལོ་གཅིག་གི་སློབ་གྲྭ་འབྲིང་ཆུང་གི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་ཆེད་དོན་བཅོས་སྒྲིག་བྱས་ཏེ་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་རིག་ཚན་རིགས་ཀྱི་གསོ་སྦྱོང་བྱེད་རིང་ཐོན་པའི“རྩ་འཛིན་ལས་བརྒལ་བའི་སློབ་ཁྲིད་བྱེད་པ”དང་། “སྔ་སྣུར་དུ་སློབ་ཁྲིད་བྱེད་པ” “རྒྱུགས་སྤྲོད་ཁོ་ནར་དམིགས་པ”སོགས་ཀྱི་བྱེད་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱ་རྒྱུ་རེད།
         《བཅོས་སྒྲིག་ཇུས་གཞིར་》གཞིགས་ན། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སྒྲིག་འཛུགས་བྱས་ཏེ་ཨང་རིམ་རྒྱུགས་ལེན་དང་དེ་བཞིན་འགྲན་བསྡུར་བྱ་རྒྱུ་གཏན་འགོག་བྱས་ནས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་གསོ་སྦྱོང་བྱས་འབྲས་དེ་སློབ་གྲྭ་འབྲིང་ཆུང་གི་སློབ་བསྡུ་སློབ་ཞུགས་དང་འབྲེལ་བ་བྱེད་པའི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད་འབྲེལ་ཡོད་སློབ་གྲྭ་དང་། གསོ་སྦྱོང་སྒྲིག་གཞི། འབྲེལ་ཡོད་མི་སྣ་བཅས་ཀྱི་འགན་འཁྲི་ཁྲིམས་ལྟར་བདའ་འདེད་གཏོང་རྒྱུ་དང་། སློབ་གྲྭ་འབྲིང་ཆུང་གིས་སློབ་ཁྲིད་ཀྱི་འཆར་གཞིར་སྲུང་བརྩི་མ་ཞུ་བ་སོགས་ཀྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་སློབ་སྤྱི་དང་འབྲེལ་ཡོད་དགེ་རྒན་གྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་སློབ་ཁྲིད་བྱེད་པར་བསྐྱོད་པ་དང་སློབ་ཚན་འཚོག་སྐབས་སློབ་ཁྲིད་མ་བྱེད་པར་སློབ་ཚན་གྲོལ་རྗེས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་སློབ་ཁྲིད་བྱེད་པ་དང་ཆབས་ཅིག་སློབ་མ་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་གསོ་སྦྱོང་ལ་ཞུགས་རྒྱུ་བློ་འགུག་བྱེད་པའམ་ཡང་ན་བཙན་སྐུལ་བྱེད་པ་སོགས་ཀྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།