འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འཁོར་སྐྱོད་བྱེད་པའི་ཉིང་གློག་འཕྲུལ་ཙུའུ་38མང་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་03ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཉིང་ནུས་ལས་རིགས་མཐུན་ཚོགས་ཀྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོར། ཐེན་དབན་ཉིང་གློག་བཟོ་གྲྭའི་འཕྲུལ་ཙུའུ་གསུམ་པ་ཚོང་ལས་འཁོར་སྐྱོད་བྱས་པ་དང་བསྟུན་ནས་རང་རྒྱལ་གྱི་འཁོར་སྐྱོད་བྱེད་བཞིན་པའི་ཉིང་གློག་འཕྲུལ་ཙུའུ་ཁྱོན་38ཟིན་ནས་གློག་འདོན་ཚད་ཆན་ཝ་ཁྲི་3693ཟིན་པ་དང་། འཁོར་སྐྱོད་བྱེད་བཞིན་པའི་ཉིང་གློག་བཟོ་གྲྭ་ཁག་གིས་ཉེན་ཁ་ཚོད་འཛིན་ནན་པོ་བྱས་ནས་འཕྲུལ་ཙུའུ་ཁག་བདེ་འཇགས་དང་བརྟན་པོའི་ངང་འཁོར་གཉེར་བྱེད་ཀྱི་ཡོད་པ་རེད།
         མཐུན་ཚོགས་དེས་ཉེ་ཆར་ཐེངས་དང་པོར་རྩོམ་སྒྲིག་པར་སྐྲུན་བྱས་པའི་《ཀྲུང་གོའི་ཉིང་ནུས་འཕེལ་རྒྱས་སྙན་ཞུའི་》ནང་དུ། ཀྲུང་གོའི་ཉིང་རྡུལ་གློག་འདོན་ཐད་མིག་སྔའི་ཆེས་སྔོན་ཐོན་གྱི་ལག་རྩལ་སྤྱད་དེ་གོ་ལ་ཧྲིལ་པོའི་བདེ་འཇགས་ཚད་གཞི་མཐོ་ཤོས་ལྟར་བྱེད་ཀྱི་ཡོད་པ་དང་། ལོ་བཅུ་ལྷག་ཙམ་རིང་། རང་རྒྱལ་གྱིས་ཉིང་གློག་སྤྱོད་ཚད་མུ་མཐུད་མང་དུ་འགྲོ་བཞིན་ཡོད། ཀོང་ཏུང་དང་། ཧྥུའུ་ཅན། ཀྲེ་ཅང་། ཧའེ་ནན་སོགས་ཤར་ལྷོའི་མཚོ་འགྲམ་ཞིང་ཆེན་ཁག་གི་ཉིང་རྡུལ་གློག་འདོན་གྱི་བསྡུར་ཚད་15%བརྒལ་ནས་མཐོ་ཤོས་25%ཡན་ཟིན་པ་དང་། འཕྲུལ་ཙུའུ་འཁོར་སྐྱོད་བདེ་འཇགས་ལྡན་ལ་བརྟན་པོ་ཡོད་པས་སྤྱིའི་ཆ་ནས་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།