འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མ་བུ་བདེ་ཐང་གི་བྱ་གཞག་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་03ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་བོད་ཀྱི་མ་བུ་བདེ་ཐང་ཞབས་ཞུ་དང་འཆར་ལྡན་བུ་བཙའི་ཞབས་ཞུའི་མཛུབ་ཁྲིད་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་མ་བུ་བདེ་ཐང་འཐབ་ཕྱོགས་ཀྱིས“འཕྲོད་སྦྱོར་ལྟེ་བར་བྱེད་པ་དང་། སྐྱེ་འཕེལ་བདེ་ཐང་འགན་སྲུང་བྱ་རྒྱུ་དམིགས་ཡུལ་དུ་བྱེད་པ། འཕྲོད་སྦྱོར་དང་ནད་ཐོག་སྨན་བཅོས་ཟུང་འབྲེལ་བཅས་བྱས་ནས་མང་ཚོགས་དང་གཞི་རིམ་ལ་ཕྱོགས་ནས་སྔོན་འགོག་བྱ་རྒྱུ་གཙོ་བོར་བྱེད་པའི”མ་བུའི་འཕྲོད་བསྟེན་ལས་དོན་གྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་པས་མ་བུ་བདེ་ཐང་གི་བྱ་གཞག་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐུབ་ཡོད་པ་རེད།
         བསྡོམས་རྩིས་བྱས་པ་གཞིགས་ན། བོད་ཀྱིས་མ་བུ་དང་འཆར་ལྡན་བུ་བཙའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་6.4ཙམ་བཏང་ཞིང་། བོད་རང་སྐྱོང་ལྗོངས་མ་བུ་བདེ་སྲུང་ཁང་གི་བུད་མེད་དང་བུ་བཙའ་དང་བྱིས་པའི་སྨན་ཁང་དང་། གྲོང་ཁྱེར་དང་ས་ཁུལ་6གི་མ་བུ་བདེ་སྲུང་ཁང་། རྫོང་26གི་མ་བུ་བདེ་སྲུང་ས་ཚིགས་སོགས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་རེད། སྨན་ཁང་དུ་ཕྲུ་གུ་སྐྱེ་ཚད་2012ལོའི་73.58%ནས་2017ལོའི་92.48%བར་འཕར་ཡོད། བོད་ཀྱི་མ་བུ་བདེ་ཐང་གི་དམིགས་ཚད་གཙོ་བོ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བུད་མེད་དང་བྱིས་པའི་བདེ་ཐང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད།
         ལོ་ལྔའི་རིང་བོད་ཀྱིས་ཕྲུ་གུ་མ་སྐྱེས་གོང་སྦྲུམ་མར་རིན་མེད་བརྟག་དཔྱད་བྱེད་རྒྱུ་དང་། སྨན་ཁང་དུ་སྨན་རིན་སྤྲོད་མི་དགོས་པར་ཕྲུ་གུ་སྐྱེ་རྒྱུ། ཕྲུ་གུ་དམར་འབྱར་གྱི་ལུས་པོར་བརྟག་དཔྱད་བྱེད་རྒྱུ། “སྐྲན་གཉིས”བརྟག་དཔྱད་བྱེད་རྒྱུ། ཨེ་ཙེ་ནད་དང་། བསེ་དུག མཆིན་ནད་ལྡེམ་བུ་སོགས་སྔོན་འགོག་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། བུད་མེད་དང་བྱིས་པར་ཆ་ལག་ཚང་ལ་ལེགས་བཙའ་ལེགས་གསོའི་ཕྱོགས་ཡོངས་ཀྱི་ཞབས་ཞུ་ཚད་ལྡན་མཁོ་འདོན་བྱ་ཆེད། གཉེན་སྒྲིག་མ་བྱས་གོང་དང་། ཕྲུ་གུ་མ་སྐྱེས་གོང་། ཕྲུ་གུ་འཁོར་རིང་། ཕྲུ་གུ་སྐྱེས་རྗེས། བྱིས་དུས་བཅས་དུས་བཀག་ལྔའི་རིང་གི་ཆ་ལག་ཚང་བའི་ཞབས་ཞུའི་སྦྲེལ་ཐག་ཅིག་རགས་ཙམ་ཆགས་ཡོད།
         ལོ་ལྔའི་རིང་བོད་ཀྱིས་ད་དུང་ཞིང་འབྲོག་ཁུལ་ཀྱི་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་མཁན་གྱི་སྦྲུམ་མར་བྱ་དགའ་དང་ཁ་གསབ་སྤྲོད་པའི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། ཞིང་འབྲོག་ཁུལ་གྱི་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་མཁན་གྱི་སྦྲུམ་མ་དང་དེ་བཞིན་ནད་གཡོག་ལ་བྱ་དགའ་སྤྲོད་པའི་ཚད་གཞི་སྒོར་50བར་མཐོ་རུ་བཏང་བ་དང་། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བར་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་དེ་སྔོན་ཆད་སྒོར་100ནས་500བར་ནས་ད་ལྟའི་སྒོར་1000བར་མཐོ་རུ་བཏང་བ་མ་ཟད། ད་དུང་སྨན་ཁང་དུ་ཕྲུ་གུ་སྐྱེ་སྒུག་བྱེད་མཁན་ལ་ཡང་ཁ་གསབ་སྤྲོད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།