འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་བཟོ་པའི་གདོང་ལེན་པའི་སྔོན་ཐོན་
    མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་03ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་4ཚེས་28ཉིན་གྱི་སྔ་དྲོ། 2018ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་དང་བོད་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་བཟོ་པའི་གདོང་ལེན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། 2018ལོའི་རྒྱལ་ཡོངས་དང་བོད་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་བཟོ་པའི་གདོང་ལེན་པའི་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་དང་། (གྲོང་ཁྱེར)ས་ཁུལ་ཁག་གི་བཟོ་ཚོགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཀྱི་སྣེ་ཁྲིད་ཚན་པ་ཁག་གི་འགོ་ཁྲིད་གཙོ་བོ་སོགས་ཁྱོན་མི་150ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་དང་། ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་འགོ་ཁྲིད་བློ་མཐུན་ཚོས་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟི་བརྗིད་ལག་ཁྱེར་སྤྲད་པ་རེད།
         གསར་འགོད་པར་ཚོགས་ར་ནས་ཤེས་རྟོགས་བྱུང་བར། ཐེངས་འདིར་གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དང་མི་སྒེར་ཁྲོད། ཚན་པ་1དང་། སྔོན་ཐོན་ལས་བཟོ་7སྔོན་ཐོན་མཉམ་སྡེབ་7བཅས་ལ“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གྱི་གཟེངས་བསྟོད་ལག་ཁྱེར”དང་། “རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས” “རྒྱལ་ཡོངས་བཟོ་པའི་གདོང་ལེན་པའི”མཚན་སྙན་ཐོབ་པ་དང་ཆབས་ཅིག ཚན་པ་14ལ“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གྱི་གཟེངས་བསྟོད་ལག་ཁྱེར”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ལས་བཟོ་34ལ“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ། པན་ཙུའུ(ཁོའོ་ཧྲི)12ལ“བོད་ཀྱི་བཟོ་པའི་གདོང་ལེན་པའི”གཟི་བརྗིད་མཚན་སྙན་ཐོབ་པ་བཅས་རེད།
         ཚོགས་འདུ་གྲོལ་རྗེས། ཚོགས་ཞུགས་པ་ཚོས་སླད་ཕྱིན་གྱི་ལས་དོན་ཁྲོད་ངེས་པར་དུ་དེ་རིང་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་མཉམ་སྡེབ་ལ་མིག་ལྟོས་བྱས་ནས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཡང་འབད་བསྐྱར་འབད་དང་། ལས་གཅེས་ལས་བཀུར། རྩེར་སོན་གཏོད་པ་བཅས་བྱས་ནས་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བྱེད་པ་དང་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་སྡུད་བྱས་ནས་གངས་ལྗོངས་ས་མཐོར་ངལ་རྩོལ་ནི་ཆེས་གཟི་བརྗིད་ལྡན་པ་དང་། ངལ་རྩོལ་ནི་ཆེས་བླ་ན་མེད་པ། ངལ་རྩོལ་ནི་ཆེས་རླབས་ཆེན་ཡིན་པ། ངལ་རྩོལ་ནི་ཆེས་མཛེས་སྡུག་ལྡན་པ་བཅས་ཀྱི་དུས་རབས་ཀྱི་སྐད་སྒྲ་དྲག་པོ་བསྒྲགས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།