འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེང་ཏུའི་ཞིང་ལས་སྟོན་ཚོགས་ཐོག་དེང་རབས་ཞིང་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”
    ལ་བརྟེན་ནས་འཛམ་གླིང་ཕྱོགས་སུ་སྐྱོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་02ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྐབས་དྲུག་པའི་ཁྲེང་ཏུའི་རྒྱལ་སྤྱིའི་ལྟེ་བའི་གྲོང་ཁྱེར་གྱི་དེང་རབས་ཞིང་ལས་སྟོན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ—2018ལོའི་ཁྲེང་ཏུའི་དེང་རབས་ཞིང་ལས་ཀྱི“རྒྱུད་གཅིག་ལམ་གཅིག”གི་སྐུལ་འདེད་གཏོང་བའི་བྱེད་སྒོ་ཉིན་ཤས་གོང་སི་ཁྲོན་ཁྲེང་ཏུར་གཉེར་བ་རེད། ཁྲེང་ཏུའི་སྐད་གྲགས་ཆེ་བའི་ཞིང་ལས་སྤུས་རྟགས་མང་པོ་ཞིག་གིས་ཧྥ་རན་སེ་དང་ཨུ་རུ་སུ་སོགས་རྒྱལ་ཁབ་དང་ཐུན་མོང་ཐོག་ཚོང་འགུགས་མ་འདྲེན་གྱི་གན་རྒྱ་20ལྷག་ཙམ་བཞག་པའི་དངུལ་འབོར་དུང་ཕྱུར་217.56ཟིན་ནས་ཁྲེང་ཏུའི་དེང་རབས་ཞིང་ལས“ནང་དུ་འདྲེན་ཐུབ་པ་དང་ཕྱིར་སྐྱོད་རྒྱུར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཐུབ་པ་བྱུང་བ་རེད།
         2018ལོའི་ཁྲེང་ཏུའི་དེང་རབས་ཞིང་ལས་ཀྱི“རྒྱུད་གཅིག་ལམ་གཅིག”གི་སྐུལ་འདེད་གཏོང་བའི་བྱེད་སྒོ་དེ“མཉམ་འདྲེས་དང་། མཉམ་སྤྱོད། འཕེལ་རྒྱས”བཅས་བརྗོད་དོན་གཙོ་བོར་བྱས་ཤིང་། བྱེད་སྒོའི་ནང་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཞིང་ལས་ཐོན་ཟོག་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས“ཐན་ཧྥུའུ་ཡོན”དང“རུང་ཨོའུ+”ཞིང་ལས་ཕྱི་ཕྱོགས་མཉམ་ལས་ཚོད་ལྟའི་ཁུལ་སྟོན་ཚོགས་ནང་ཞུགས་ཏེ་ཁྲེང་ཏུའི་དེང་རབས་ཞིང་ལས་ཀྱི་ཐོན་སྐྱེད་དང་ལས་སྣོན་སོགས་ཀྱི་རྣམ་པ་མངོན་པར་བྱས་པ་དང་འབྲེལ་ཚན་རིག་ལག་རྩལ་དང་སྤུས་རྟགས་དོ་དམ་སོགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་འགྱུར་ཐུབ་པ་བྱས་པ་རེད།
         བྱེད་སྒོ་སྤེལ་ཡུལ་དུ་ཁྲེང་ཏུའི་དེང་རབས་ཞིང་ལས་ཁེ་ལས་ཀྱིས་རྒྱལ་ཁབ་གཞན་གྱི་ཚོགས་ཞུགས་འཐུས་མི་དང་རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་ཀྱི་གན་རྒྱ་མང་པོ་བཞག་པ་མ་ཟད། གན་རྒྱ་བཞག་རྗེས་ཁྲེང་ཏུས་མཉམ་ལས་སྒྲིག་གཞི་དེ་དག་དང་མཉམ་དུ་འབྲེལ་ཡོད་ཞིང་ལས་ཐོན་ཟོག་གི་དེང་རབས་འདེབས་འཛུགས་ལག་རྩལ་དང་། ཞིང་ལས་ཉོ་ཚོང་ཟོག་འགྲེམས། ཕྱིར་གཏོང་ནང་འདྲེན་གྱི་ཚད་གཞི། ཞིབ་དཔྱད་དང་ནད་ཡམས་ཞིབ་བཤེར་གྱི་བྱེད་ཐབས། ཐོན་ཟོག་དཔང་ལེན་གྱི་གཏན་འབེབས་དང་ལག་བསྟར། ཞིང་ལས་ཚན་ཞིབ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།
         ཁྲེང་ཏུའུ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཡན་ཅིན་གྱིས་ཁྲེང་ཏུའུ་གྲོང་ཁྱེར་གྱིས་སྐམ་སའི་ནང་ཁུལ་གྱི་རང་མོས་ཚོང་དོན་ཁུལ་བསྐྲུན་རྒྱུ་དང“རུང་ཨོའུ+”ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དང“རྒྱུད་གཅིག་ལམ་གཅིག”དང་འབྲེལ་འདྲིས་གཏིང་ཟབ་བྱེད་རྒྱུ་མ་ཟད། ད་ཐེངས་ཀྱི་2018ལོའི་ཁྲེང་ཏུའི་དེང་རབས་ཞིང་ལས་ཀྱི“རྒྱུད་གཅིག་ལམ་གཅིག”གི་སྐུལ་འདེད་གཏོང་བའི་བྱེད་སྒོར་བརྟེན་ནས་རྒྱལ་ཁབ་ཁག་གི་ཞིང་ལས་དབར་གླེང་མོལ་གཏིང་ཟབ་བྱེད་པའི་མཉམ་སྤྱོད་ལས་སྟེགས་གཏོད་དེ་ཁྲེང་ཏུའི་དེང་རབས་ཞིང་ལས་འཛམ་གླིང་གི་ཕྱོགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
         2018ལོའི་ཁྲེང་ཏུའི་དེང་རབས་ཞིང་ལས་ཀྱི“རྒྱུད་གཅིག་ལམ་གཅིག”གི་སྐུལ་འདེད་གཏོང་བའི་བྱེད་སྒོ་ནི་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ཞིང་ལས་དང་གྲོང་གསེབ་པུའུ་སོགས་འབྲེལ་ཡོད་པུའུ་ཨུད་ཀྱི་འགོ་ཁྲིད་དང་། ཀྲུང་གོ་ཞིང་ལས་དངུལ་ཁང་ལས་རིགས་ཀྱི་རིགས་གཅིག་མཁས་ཅན། ཁེ་ལས་ཀྱི་འཐུས་མི་བཅས་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་ཞིང་ལས་དཔོན་རིགས་སོགས་སྐུ་མགྲོན་300ལྷག་ཙམ་ཕེབས་ཡོད་པ་རེད།
         ཁྲེང་ཏུར་ཞིང་ལས་ཐོན་ཟོག་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། འདི་ནི་རང་རྒྱལ་ནུབ་རྒྱུད་ཀྱི་ཞིང་ལས་ཐོན་ཟོག་ལས་སྣོན་ལྟེ་གནས་གལ་ཆེན་དང་ཟོག་འགྲེམས་བསྡུ་འགྲེམས་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་དེང་རབས་ཞིང་ལས་ཀྱི་ཚན་རིག་ལག་རྩལ་དང་དོ་དམ་སྤུས་རྟགས་ཅན་སོགས་ལ་བརྟེན་པ་བརྒྱུད་2017ལོར་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ཐོན་ཟོག་ལས་སྣོན་རིན་ཐང་སྒོར་དུང་ཕྱུར་1400ལས་བརྒལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།