འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལས་དོན་ཤུགས་
    ཆེན་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་02ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་གསར་བརྗེའི་རིག་དངོས་སྲུང་སྐྱོང་གནས་ཚུལ་མུ་མཐུད་ལེགས་སུ་བཏང་ནས་གསར་བརྗེའི་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། བོད་ཀྱིས་2018ལོ་དང་2019ལོར་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་ཡུལ་རྙིང་པ་དང་། བོད་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་གཞུང་ལས་ཁྲུའི་གནས་ཡུལ་རྙིང་པ། རྒྱལ་རྩེ་རྫོང་རིའི་དབྱིན་འགོག་རྗེས་ཤུལ། སྤོ་བོ་རྫོང་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོ་སོགས་གསར་བརྗེའི་རིག་དངོས་སྲུང་སྐྱོང་འགྲེམས་སྟོན་དང་བེད་སྤྱོད་རྣམ་གྲངས་གཙོ་གནད་ཐོག་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         “མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་ཡུལ་རྙིང་པ་ནི་མངའ་རིས་ས་ཁུལ་གྱི་གསར་བརྗེའི་ལོ་རྒྱུས་ཀྱི་རྗེས་ཤུལ་རྩ་ཆེན་ཞིག་དང་། ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’ཀྱི་གྲུབ་ཆ་གཙོ་བོ། ‘མངའ་རིས་སྙིང་སྟོབས’ཀྱི་འབྱུང་ཁུངས་བཅས་ཡིན་པས། རང་སྐྱོང་ལྗོངས་རིག་དངོས་ཅུས་དང་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ནས་གནས་ཡུལ་རྙིང་པར་སྲུང་སྐྱོང་ཉམས་གསོ་དང་འགྲེམས་སྟོན་ལས་དོན་སྤེལ་ཏེ། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་ཏུ་གང་མགྱོགས་འཛུགས་སྐྲུན་བྱེད་བཞིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཉི་མ་བསྟན་འཛིན་གྱིས་བརྗོད།
         གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་འགྲེམས་སྟོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ད་ལྟ་བསྐྲུན་ཚར་བའི་དམག་དཔོན་ཐན་ཀོན་སན་གྱི་དྲན་གསོའི་བང་སོའི་སྐྱེད་ཚལ་དང་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གི་ཀྲང་གོ་ཧྭ་འཐབ་ས་དང་པོའི་བཀོད་འདོམས་སུའོ་ཡི་གནས་ཡུལ་རྙིང་པ་སོགས་འགྲེམས་སྟོན་རྣམ་གྲངས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པ་རེད།
         “གསར་བརྗེའི་རིག་དངོས་ནི་བོད་ཀྱི་རིག་དངོས་ཐོན་ཁུངས་ཀྱི་གྲུབ་ཆ་གཙོ་བོ་ཡིན་ལ། དེ་དག་ནི་རྒྱལ་གཅེས་ཀྱི་སེམས་ཤུགས་དང་མི་རིགས་ཀྱི་སྙིང་སྟོབས་འཕེལ་བར་བྱེད་པའི་ཞིང་ས་གཤིན་པོ་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། གོམ་སྟབས་རྗེས་མར་ང་ཚོས་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན”ཞེས་ཉི་མ་བསྟན་འཛིན་གྱིས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།