འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོང་ཁུལ་དུ་སྤྱི་ཚོགས་ཀྱིས་མ་དངུལ་བཏང་བའི་གཏེར་ལས་
    དབང་ཆ་59མེད་པ་བཟོ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་02ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་མདོ་ལ་དང་གཙང་གསུམ་ཆུ་འགོ་སོགས་རང་བྱུང་སྲུང་སྐྱོང་ཁུལ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱིས་མ་དངུལ་བཏང་བའི་གཏེར་ལས་དབང་ཆ་59མེད་པ་བཟོ་རྒྱུའི་ཡོངས་བསྒྲགས་བྱས་པ་རེད། དུས་དེར་མཚོ་སྔོན་གྱི་རང་བྱུང་སྲུང་སྐྱོང་ཁུལ་ནང་གྱི་ཞིང་ཆེན་དང་། ཁུལ། རྫོང་བཅས་རིམ་པ་གསུམ་གྱིས་ལག་ཁྱེར་སྤྲད་པའི་གཏེར་ལས་དབང་ཆ་ཚང་མ་མེད་པ་བཟོས་པ་རེད།
         ཉེ་ཆར་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གིས་ཡོངས་བསྒྲགས་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཞིང་ཆེན་རིམ་པས་ལག་ཁྱེར་སྤྲད་པའི་གཏེར་ལས་དབང་ཆ་མེད་པ་བཟོ་རྒྱུའི་སྐོར་གྱི་གནས་ཚུལ་ལ་གཞིགས་ན། མེད་པ་བཟོ་རྒྱུའི་ཞིང་ཆེན་རིམ་པའི་ལག་ཁྱེར་སྤྲད་པའི་དབང་ཆ་ཁྱོན་56ཡོད་པའི་ནང་། མདོ་ལ་རི་བོའི་20དང་། གཙང་གསུམ་ཆུ་འགོའི་29 ཚ་འདམ་གྱི་སུའོ་སུའོ་ནགས་ཚལ་གྱི་3 ཁུ་ཁུ་ཤིས་རི་དང་ཏ་ཐུང་པེ་ཁྲོན་ཆུ་འགོ་2བཅས་ཚུད་ཡོད། གཞན་ཡང་ཁུལ་དང་རྫོང་རིམ་པས་ལག་ཁྱེར་སྤྲད་པའི་གཏེར་ལས་དབང་ཆ་3ཡང་དུས་གཅིག་ཏུ་མེད་པ་བཟོ་རྒྱུ་རེད།
         གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་མཚོ་སྔོན་ལ་ད་དུང་དེ་སྔའི་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ཡིས་ལག་ཁྱེར་སྤྲད་པའི་གཏེར་འཚོལ་དབང་ཆ་2ཡོད་པ་དེ་རང་བྱུང་ཐོན་ཁུངས་པུའུ་ཡིས་མེད་པ་བཟོ་རྒྱུའི་འགྲོ་ལུགས་གཉེར་རྒྱུ་རེད། གོམ་སྟབས་རྗེས་མར་གཏེར་ལས་དབང་ཆའི་རྩད་ཞིབ་གསར་སྤེལ་མ་འཇོག་ཚོད་སྐོར་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པའི་རྨང་གཞིའི་ཐོག་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་གཏེར་ལས་དབང་ཆའི་ཁ་གསབ་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་པ་རེད།
         “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཏུ་གྲགས་པའི་མཚོ་སྔོན་ཞིང་ཆེན་ནི་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པས་སྣོད་བཅུད་གནས་བབ་ཤིན་ཏུ་གལ་ཆེན་པོ་ཡོད། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་གྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་ཁྲིམས་བཞིན་གོ་རིམ་དང་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་གཅིག་གྱུར་གྱི་དབང་ཆ་གཏན་འཁེལ་ཐོ་འགོད་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། གཏེར་ཐོན་ཐོན་ཁུངས་གསར་སྤེལ་གྱི་གོ་རིམ་ཚད་ལྡན་དུ་གཏོང་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།