འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མེ་འཁོར་ལ་བསྡད་ནས་ཚྭ་ཁ་རུ་བསྐྱོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་28ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མེ་འཁོར་ལ་བསྡད་ནས་ཚྭ་ཁ་རུ་བསྐྱོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ནས་ཟླ་5ཚེས་3ཉིན་གྱི་བར། ཀྲུང་གོའི་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ཡིས་ཟི་ལིང་ནས་ཚྭ་ཁ་བར་དུ"ནམ་མཁའི་མེ་ལོང"ཞེས་པའི་མེ་འཁོར་Y961/2གཏོང་འགོ་ཚུགས་པ་དང་། སྐུ་མགྲོན་རྣམས་ཚྭ་ཁའི་ཚྭ་མཚོ་དང་མཚོ་སྔོན་པོ་སོགས་རྒྱུད་ཀྱི་མཛེས་ལྗོངས་ལ་སྐོར་རྗེས་ཉིན་དེར་ཕྱིར་ལོག་ཆོག་པ་རེད།
         གནའ་སྔ་མོ་ནས"ནམ་མཁའི་མེ་ལོང"ཞེས་མཚན་སྙན་གསོལ་བའི་ཚྭ་ཁའི་ཚྭ་མཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་ཚྭ་ཁ་གྲོང་རྡལ་དུ་ཆགས་ཡོད་པ་དང་། དེ་ནི་ཟི་ལིང་ནས་སྤྱི་ལེ་298ཀྱི་ལམ་ཐག་ཡོད་ཅིང་། གནའ་བོའི་དར་གོས་ཚོང་ལམ་གྱི་འབབ་ཚུགས་གལ་ཆེན་གཅིག་ཡིན་པ་རེད། ཚྭ་མཚོའི་མཚོ་ངོས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3100ཡོད་ཅིང་། སྲ་གཤེར་དོ་མཉམ་གནས་པའི་ཚྭ་ཆུའི་མཚེའུ་ཞིག་ཡིན་པ་རེད། 
         ཡུལ་སྐོར་བས་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་མཛེས་ལྗོངས་ལ་ཞིབ་གཟིགས་བྱེད་པར་སྟབས་བདེ་སྐྲུན་ཆེད། ཟླ་4ཚེས་26ནས་ཟླ་5ཚེས་3ཉིན་གྱི་བར། ཡུལ་སྐོར་བའི་མེ་འཁོར་ནི་ཉིན་རེའི་ཆུ་ཚོད་8དང་སྐར་མ་25ཐོག་ཟི་ལིང་འབབ་ཚུགས་ནས་བསྐྱོད་པ་དང་། ཆུ་ཚོད་12དང་སྐར་མ་23ཐོག་ཚྭ་ཁ་རུ་སླེབས་པ་རེད། ཉིན་དེའི་ཆུ་ཚོད་16དང་སྐར་མ་30ཐོག་ལ་ཚྭ་ཁ་འབབ་ཚུགས་ནས་ཕྱིར་ལོག་པ་དང་། ཆུ་ཚོད་20དང་སྐར་མ་43ཐོག་ཟི་ལིང་དུ་སླེབས་ཐུབ་པ་རེད། 
    【1】  【2】  【3】
    ༄༅།།མེ་འཁོར་ལ་བསྡད་ནས་ཚྭ་ཁ་རུ་བསྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།