འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཚྭ་ཁའི་ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱི་སྒོ་མོ་གཟབ་རྒྱས་ངང་ཕྱེ་བ།

    A5རིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་28ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན། ཚྭ་ཁའི་ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱི་སྒོ་མོ་དངོས་སུ་ཕྱེ་ཞིང་། ཉིན་དེར་མཚོ་ནུབ་ཁུལ་གྱི་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་ཚིགས་80ཡིས་ཚྭ་ཁའི་ཚྭ་མཚེའུ་རུ་སྒོ་མོ་ཕྱེ་བའི་མཛད་སྒོ་འཚོགས་པ་དང་འབྲེལ། གཉེར་སྐྱོང་པའི་ཁྲིམས་གཏན་འཁེལ་བའི་འོས་འགན་ལེགས་པར་བསྒྲུབ་རྒྱུ་དང་། ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་དང་། འཛད་སྤྱོད་པའི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་། འཛད་སྤྱོད་པར་ཚད་ལྡན་གྱི་ཞབས་ཞུ་མཁོ་འདོན་བཅས་བྱ་རྒྱུའི་དམ་བཅའ་མཉམ་དུ་བཞག་པ་རེད།
         ཚྭ་ཁའི་ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱིས་ཟླ་4ཚེས་26ནས་ཟླ་5ཚེས་10ཉིན་བར། མཛེས་ལྗོངས་ཁུལ་དུ་ཡོང་མཁན་ཡུལ་སྐོར་བར་སྒོ་འཛིན་མི་དགོས་པའི་གཏན་འབེབས་བྱས་པ་དང་། ཚྭ་ཁའི་ཚྭ་མཚེའུ་ཡུལ་སྐོར་སྤུས་རྟགས་ལ་དོ་ཁུར་ཆེན་པོ་ཐོབ་པས། མཚོ་ནུབ་ཀྲོའུ་ཡི་ཡུལ་སྐོར་སྤུས་རྟགས་རིམ་བཞིན་སྟོབས་ཆེར་སོང་བ་ནས་ཉིན་དེར་ཟི་ལིང་ནས་ནུབ་ཕྱོགས་སུ་ཡུལ་སྐོར་དུ་སྐྱོད་མཁན་ཇེ་མང་དུ་སོང་ཞིང་། ཚེས་26ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་པ་བར། ཁྱོན་ཡུལ་སྐོར་བ་14987གྱིས་ཚྭ་ཁའི་ཚྭ་མཚེའུ་མཛེས་ལྗོངས་ཁུལ་དུ་ཡོང་སྟེ་ལག་ཐོགས་ཁ་པར་ལ་བརྟེན་ནས་ཚྭ་ཁ་སྐོར་བའི་མཛེས་ལྗོངས་ཁུལ་གྱི་རྣམ་པ་གསར་པ་ཉམས་ལེན་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར། ཚྭ་ཁའི་ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་ཆ་མཚོན་ན་དང་ཐོག་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་200ལས་བརྒལ་བ་དང་། ཟླ་རེར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་100ལས་བརྒལ་བ། ལོ་ཧྲིལ་པོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་276ཟིན་ཡོད་པ་རེད། 2017ལོའི་ཟླ་11ཚེས་1ཉིན་ནས་བཟུང་། ཚྭ་ཁའི་ཚྭ་མཚེའུ་མཛེས་ལྗོངས་ཁུལ་སྒོ་བརྒྱབ་ནས་དུས་ཐེངས་གསུམ་པའི་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། ཟླ་བ་དྲུག་རིང་མཛེས་ལྗོངས་ཁུལ་གྱིས་འཁོར་ལྡན་མེ་འཁོར་ཆུང་ཀྱི་སྐོར་ལམ་དང་། རླངས་འཁོར་འཇོག་ས། གསང་སྤྱོད་སོགས་ཕྱོགས་ཡོངས་ནས་རྒྱ་སྐྱེད་རིམ་སྤོར་བྱས་པ་དང་ཆབས་ཅིག སྒྲིག་བཀོད་ཞབས་ཞུའི་སྤུས་ཚད་ཀྱང་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད། དེ་དང་དུས་མཚུངས། སེམས་རྩ་འཁོལ་བའི་མགྲོན་ཁང་དང་། སྟབས་བདེའི་སིལ་ཚོང་། ཆེད་ལས་སྣེ་ཤན་པའི་ཞབས་ཞུ། ཡུལ་སྲོལ་གོམས་འདྲིས་ལྡན་པའི་འཁྲབ་སྟོན་ལ་སོགས་པའི་ཞབས་ཞུའི་ལས་རིགས་སྣ་ཚོགས་དང་རིག་ལྡན་ཡུལ་སྐོར་མ་ལག་བཏོད་པས་ཡུལ་སྐོར་བ་ཚོས་ལག་ཐོགས་ཁ་པར་ལ་བརྟེན་ནས་ཚྭ་ཁ་སྐོར་ཐུབ་པ་མ་ཟད། ད་དུང་མཛེས་ལྗོངས་ཁུལ་དུ་ཟ་སྡོད་འགྲོ་སྐྱོད་དང་། ཉོ་སྒྲུབ་རོལ་རྩེད་སོགས་བྱེད་པའི་ཐད་ཧ་ཅང་སྟབས་བདེ་བསྐྲུན་ཡོད།
         “ཚྭ་ཁའི་ཚྭ་མཚེའུ་ལ་རྒྱལ་ནང་གི་ཡུལ་སྐོར་ལས་རིགས་ཀྱིས་ཡུལ་སྐོར་འཕེལ་རྒྱས་ཁྲོད་ཀྱི་ངོ་མཚར་ཆེ་བའི་བྱས་རྗེས་ཞེས་བརྗོད་ཀྱི་ཡོད། 2010ལོར། ང་ཚོས་ལོ་རེར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་ཁ་ཤས་ལས་ཟིན་གྱི་མེད། འོན་ཏེ་2017ལོར་ཡུལ་སྐོར་བ་མང་བའི་དུས་སུ་ང་ཚོས་ཉིན་གཅིག་ལ་སྣེ་ལེན་ཞུ་གྲངས་དེ་2010ལོའི་ལོ་འཁོར་མོའི་གྲངས་འབོར་ལས་མང་བ་འདུག གྲུབ་འབྲས་ཆེན་པོ་དེ་ནི་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་དཔལ་འབྱོར་དང་རིག་གནས་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་ལས་བྱུང་བ་ཞིག་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཡུལ་སྐོར་སྤུས་རྟགས་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་ལས་བྱུང་བ་ཞིག་ཡིན་ལ་མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་འགོ་ཁྲིད་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ལས་བྱུང་བ་ཞིག་དེ་བས་རེད། དེ་དང་དུས་མཚུངས། ང་ཚོས་ཞིང་ཆེན་ཕྱི་ནང་གི་སྨྱན་སྦྱོར་ཚན་པའི་གྲོགས་པོ་ཚོས་ཚྭ་ཁའི་ཚྭ་མཚེའུ་མཛེས་ལྗོངས་ཁུལ་དྲིལ་བསྒྲགས་ཤུགས་ཆེན་གནང་བ་དང་ཡུལ་སྐོར་བ་ཚོས་མཛེས་ལྗོངས་ཁུལ་ལ་ཡིད་ཆེས་དང་དགའ་ཞེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་ང་ཚོས་ཡུལ་སྐོར་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་ཡུལ་སྐོར་འཕེལ་རྒྱས་ཇེ་མྱུར་དུ་བཏང་ནས་སྤྱི་ཚོགས་ལས་རིགས་ཁག་གི་དྲིན་ལན་འཇལ་རྒྱུ་ཡིན། འདི་ལོ་A5རིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་། སྣོད་བཅུད་སྲུང་སྐྱོང་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། ལས་མི་གསོ་སྦྱོང་དང་མཛེས་ལྗོངས་ཁུལ་གྱི་སྒྲིག་བཀོད་ལེགས་སུ་དང་སྤུས་ཚད་མཐོར་གཏོང་བྱ་རྒྱུ་བཅས་ཡིན། 2018ལོར་ཚྭ་ཁའི་ཚྭ་མཚེའུ་མཛེས་ལྗོངས་ཁུལ་ཉིད་རྣམ་པ་གསར་རྐྱང་གི་ཐོག་ནས་སྐྱེ་བོ་ཀུན་གྱི་མིག་ལམ་དུ་གཤོམ་ཐུབ་པའི་ཡིད་ཆེས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཚྭ་ཁའི་ཚྭ་མཚེའུ་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་ཅན་ཁང་གིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།