འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་ཁུལ་གསེར་ཐར་རྫོང་གིས2018ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་
    ཚོགས་འདུ་བསྡུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་27ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དཀར་མཛེས་ཁུལ་གསེར་ཐར་རྫོང་གིས2018ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་
ཚོགས་འདུ་བསྡུས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་4བའི་ཚེས་26ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་ཐར་རྫོང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས2018ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུ་རྫོང་གེ་སར་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་བསྡུས་ཤིང་། ཁུལ་ཨུ་རྒྱུན་ཨུ། གསེར་ཐར་རྫོང་ཨུའི་ཧྲུའུ་ཅི་ཧིའུ་པིའོ་ཡིས་ཚོགས་འདུའི་མདོ་འཛིན་བྱས། 
         དང་པོ། ཚོགས་ཐོག་ཏུ་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་རང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་བརྗོད་བརྙན་རིས་ལ་བལྟས་ཤིང་། རང་རྫོང་གི་འཕེལ་རྒྱས་ཁྲོད་དུ་གནས་ཡོད་པའི་གནད་དོན་དག་ལ་ངོས་འཛིན་བྱས། 
         གཉིས་པ། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཆོས་སེང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་དགོངས་དོན་དག་བརྒྱུད་བསྒྲགས་བྱས། 
         གསུམ་པ། རྫོང་ཨུའི་རྒྱུན་ཨུ་ཏའེ་ཏ་ཞེན་གྱིས་རང་རྫོང་གི2017ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་བྱས་རྗེས་འབུར་ཐོན་ཡིན་པའི་ལས་ཁུངས་དང་མི་སྒེར་གྱི་མིང་ཐོ་གསལ་བསྒྲགས་བྱས་ལ། རྫོང་གི་འགོ་ཁྲིད་རྣམས་ཀྱིས་གཟེངས་ཡིག་སྦྱིན། 
         བཞི་པ། རྫོང་དང་ཡུལ་ཚོའི་འགན་འཛིན་པས་ད་ལོའི་དམིགས་འབེན་འགན་ཡིག་ཐོག་ཏུ་མིང་རྟགས་བཀོད།
         ལྔ་བ། རྫོང་ཨུའི་རྒྱུན་ཨུ། རྫོང་སྒྲིག་བཤེར་ཁང་གི་ཧྲུའུ་ཅི་བློ་བཟང་ནམ་མཁའ་ཡིས་ཁུལ་ཨུ་ཞིབ་བཤེར་ཚོགས་ཆུང་གིས་བཏོན་པའི་གནད་དོན་དང་བཟོ་བཅོས་བྱ་ཐབས་སྒྲོག་འདོན་བྱས་ཤིང་། 2018ལོའི་དབུལ་སྐྱོར་ལས་དོན་ཁྲོད་ཀྱི་སྤྱོད་ཚུལ་སྒྲིག་བཅོས་ལས་དོན་བཀོད་བསྒྲིགས་བྱས།
         དྲུག་པ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཝང་ཏུང་ཧྲིན་གྱིས2017ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཕྱོགས་བསྡོམས་དང་ད་ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བཀོད་བསྒྲིགས་བྱས་ཤིང་། ཁོང་གིས་བསྟན་དོན། གཅིག ལས་བྱེད་རྣམས་ཀྱིས་རང་རྫོང་གི་ད་ལྟའི་གནས་བབས་ལ་ངོས་ཟིན་ཟབ་མོ་བྱ་དགོས། གཉིས། འཕྲད་པར་དཀའ་བའི་སྲིད་ཇུས་བཟང་བོ་འདི་དམ་འཛིན་བྱས་ནས་མང་ཚོགས་དང་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལེགས་པོ་སྒྲུབ་པ་ལས་ལོ་རྒྱས་ཀྱི་ཉེས་ཅན་གཏན་ནས་བྱ་མི་རུང་། གསུམ། འཛུགས་སྐྲུན་གྱི་དུས་ཚོད་ངེས་ཅན་ནང་དུ་རྣམ་གྲངས་ཐམས་ཅད་བདེ་ལེགས་ངང་དོན་འཁྱོལ་བྱ་དགོས། བཞི། སྡོད་ཁང་འཛུགས་སྐྲུན་གྱི་ཚད་གཞི་ལྟར་དུ་མང་ཚོགས་ཀྱི་སྡོད་ཁང་ལེགས་པོ་སྐྲུན་དགོས། ལྔ། རང་རྫོང་གི་ཐོན་ལས་འཕེལ་རྒྱས་ལ་བརྩོན་ནས་ལོ་མཇུག་ཏུ་ཐོན་རྫས་ངེས་ཅན་ཡོད་དགོས། དྲུག མང་ཚོགས་ཀྱི་རང་ཁ་རང་གསོའི་ནུས་པ་མཐོར་འདེགས་བྱས་ཏེ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་འབད་དགོས། 
         བདུན་པ། ཁུལ་ཨུ་རྒྱུན་ཨུ། གསེར་ཐར་རྫོང་ཨུའི་ཧྲུའུ་ཅི་ཧིའུ་པིའོ་ཡིས་གསུང་བཤད་གལ་ཆེན་གནང་སྟེ། གཅིག  ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཕྱིན་ནས་གསུངས་བའི་སྐད་ཆའི་སྙིང་དོན་དང་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་དུ་བསྡུས་པའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུངས་བཤད་སྙིང་དོན་ལ་སློབ་སྦྱོང་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་དབུལ་སྐྱོར་ཐོན་འབྱེད་ཀྱི་བསམ་བློ་ཡིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྣེ་སྟོན་བྱ་དགོས། གཉིས། ད་ལྟའི་གནས་བབས་དང་ང་ཚོའི་ལས་འགན་ལ་ངོས་ཟིན་ཟབ་མོ་བྱས་ཏེ།      དབུལ་སྒྲོལ་འགག་སྒྲོལ་ལས་རྒྱལ་བར་བྱ་བའི་འདུན་པ་དྲག་པོ་བསྐྱེད་དགོས། གསུམ། ད་ལོའི་དམིགས་འབེན་ལེགས་འགྲུབ་ཡོང་ཆེད་ལས་ཁུངས་དང་ཡུལ་གྲོང་སོ་སོའི་རང་འགན་ཕྲག་ཏུ་ཁུར་དགོས། བཞི། གསེར་ཐར་གྱི་ལས་དོན་ཐམས་ཅད་ཕྱོགས་ཡོངས་ནས་ཁྲིམས་མཐུན་ཅན་དུ་བསྒྱུར་དགོས་ཞེས་བསྟན།
         ཚོགས་འདུར་རྫོང་རིམ་པའི་འགོ་ཁྲིད། ཡུལ་ཚོ་དང་ལས་ཁུངས་སོ་སོའི་འགན་འཛིན་རྣམས་ཚོགས་ཞུགས་བྱས།
         གསེར་ཐར་རྫོང་མི་དམངས་སྲིད་གཞུང་རྒྱ་བོད་ཡིག་སྒྱུར་ཁང་གི་ཚུལ་ཁྲིམས་བློ་གྲོས་ནས།
    ༄༅།།དཀར་མཛེས་ཁུལ་གསེར་ཐར་རྫོང་གིས2018ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་
ཚོགས་འདུ་བསྡུས་པ།
      

    ཕྱོགས་བསྡུས་གསར་འགྱུར།