འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་གཞོན་ནུའི་དྲ་ཚོང་ལས་དབུལ་སྐྱོར་ལ་རམ་འདེགས་བྱེད་
    པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་28ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་སྡེ་ཚོགས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་མངོན་འགྱུར་པའི་སློབ་གླིང་དང་བོད་ལྗོངས་སྒུལ་ཤུགས་དྲ་ཚོང་སློབ་གླིང་གིས་གཉེར་འགན་འཁུར་བའི་2018ལོའི་ཞིང་འབྲོག་ཁུལ་གྱི་གཞོན་ནུའི་དྲ་ཚོང་ལས་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱེད་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་གཉེར་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭས་དྲ་ཚོང་གི་གནད་སྨིན་དབུལ་སྐྱོར་གྱི་གཙོ་རྐང་ལ་དམ་པོར་དམིགས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་《དྲ་རྒྱའི་དབུལ་སྐྱོར་བྱ་སྤྱོད་འཆར་གཞི་》ལག་བསྟར་བྱ་རྒྱུར་རམ་འདེགས་བྱ་རྒྱུ་རེད། དེའི་དམིགས་ཡུལ་ནི་མང་ཚོགས་ཀྱི་དྲ་ཚོང་འདུ་ཤེས་དང་དྲ་སྦྲེལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གྲོང་ཚོ་དབུལ་པོའི་གཞོན་ནུའི་དྲ་ཚོང་ཤེས་ལྡན་པ་ཁག་གཅིག་གཙོ་གནད་ཐོག་གསོ་སྐྱོང་བྱ་རྒྱུ། ཞིང་འབྲོག་ཁུལ་གྱི་དྲ་ཚོང་གཉེར་སྐྱོར་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། “བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་ཁྱབ་པ་དང་ཞིང་འབྲོག་ཐོན་ཟོག་གྲོང་ཁྱེར་དུ་ཁྱབ་པའི”ཕྱོགས་གཉིས་མཉམ་འགུལ་གྱི་ལམ་བུ་གཏོད་རྒྱུ། མང་ཚོགས་ཚོར་དྲ་སྦྲེལ་མཉམ་སྐྲུན་མཉམ་སྤྱོད་ཁྲོད་ནས་ཐོབ་ཚོར་དེ་བས་མང་བ་ཡོང་ཐུབ་པ་བཅས་བྱས་ཏེ་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུར་སྟོབས་ཤུགས་གསར་པ་བསྣན་རྒྱུ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།