འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་28ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་མཛེས་སྡུག་ལྡན་པའི་ཇོ་རིའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་ལ་དམིགས་པ། བློ་བརྟན་འགྱུར་མེད་ངང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་བསྒྲུབ་རྒྱུར་བསྐྱལ་བའི་གྱོད་གཞི་115ཐག་གཅོད་བྱས་པ་དང་། ཁོར་ཡུག་གནད་དོན་305དག་ཐེར་དང་རང་བཤེར་བྱས་པ། ཁྲིམས་འགལ་སྒྲིག་འགལ་གྱི་ཁེ་ལས་99དག་ཐེར་བྱས་ཡོད། གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་དོ་དམ་དང“འགྱིག་རྫས་འགོག་པ”སོགས་ཀྱི་ཁྲིམས་སྲོལ་སྒྲིག་སྲོལ་མང་པོ་བཟོས་ནས་བཏོན་པ། སྦགས་བཙོག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བྱེད་ཚད་74%ཟིན་ཡོད། སྔོ་འགྱུར་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་30ལྷག་ཙམ་ཟིན་པ་དང་། བོད་ཡོངས་ཀྱི་སྔོན་དུ་མཉམ་སྤྱོད་རྐང་འཁོར་4000ནང་འདྲེན་བྱས་ནས་ལྗང་མདོག་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་ཧུར་ཐག་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།