འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཁུལ་སོགས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་སྨན་ཁང་ཞིང་ཆེན་རིམ་པའི་སྨན་ཁང་9ཡི་
    དོ་དམ་བྱེད་ཁོངས་བཅུག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་28ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ཀན་སུའུ་ཞིང་ཆེན་གྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི“ཚོགས་སྒྲིག་རྣམ་པའི”བདེ་ཐང་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྤེལ་འགོ་ཚུགས་ཤིང་། ཀན་སུའུ་ཡི་ཞིང་ཆེན་རིམ་པའི་རོགས་སྐྱོར་སྨན་ཁང་9ཡིས་ཕྱོགས་ཡོངས་ལ་དོ་དམ་བྱེད་པའི་བྱེད་ཐབས་སྤྱད་དེ་ཁག་དབྱེ་འགན་གཙང་གི་ཐོག་ནས་ཀན་སུའུ་ཞིང་ཆེན་ཀ་ཅུ་ཧུའེ་རིགས་རང་སྐྱོང་ཀྲོའུ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཅས་ཚུད་པའི“ཀྲོའུ་གཉིས་དང་རྫོང་གཅིག”གི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་རྫོང་རིམ་པའི་སྨན་ཁང་17སོ་སོར་ཡན་ལག་སྨན་ཁང་གི་སྒོ་བྱང་བཀལ་ནས་བཙུགས་པ་དང་འབྲེལ། འགན་འཁུར་མི་སྣ་འདེམས་གཏོང་གིས་རོགས་སྐྱོར་ཐོབ་མཁན་སྨན་ཁང་དུ་ལས་འགན་འཁུར་དུ་བཅུག་པ་དང་ཡན་ལག་སྨན་ཁང་གི་ཚད་གཞིའི་ཐོག་ནས་སྨན་ཁང་གི་དོ་དམ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཉམས་ཞན་རིག་ཚན་འཛུགས་སྐྲུན། ལས་སྒོ་མཐོར་གཏོང་། གན་འཇོག་ཞབས་ཞུ། གྲོན་དངུལ་གཏོང་བ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་རོགས་སྐྱོར་དང་གོང་འོག་མཉམ་འགུལ་གྱི་ལམ་སྲོལ་བཟོས་ཏེ་སྨན་བཅོས་ཐོན་ཁུངས་བཟང་པོ་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཕྱོགས་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་རིམ་པའི་སྨན་ཁང་གིས་དོ་དམ་བྱས་ནས་རོགས་སྐྱོར་ཐོབ་པའི་སྨན་ཁང་ལ་ཡན་ལག་སྨན་ཁང་གི་སྒོ་བྱང་འགེལ་བའི་བྱ་སྤྱོད་ནི་ཀན་སུའུ་ཞིང་ཆེན་གྱིས་འདི་ལོ་ཤིན་ཏུ་དབུལ་བའི་ས་ཁུལ་དུ་སྤེལ་བའི“ཚོགས་སྒྲིག་རྣམ་པའི”བདེ་ཐང་དབུལ་སྐྱོར་བྱ་སྤྱོད་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། “གཅིག་གཏད་གཅིག”གི་རོགས་སྐྱོར་མཉམ་ལས་བྱེད་ཐབས་བརྒྱུད། ཞིང་ཆེན་རིམ་པའི་སྨན་ཁང་དང“ཀྲོའུ་གཉིས་དང་རྫོང་གཅིག”གི་རྫོང་རིམ་པའི་སྨན་ཁང་དབར་གོང་འོག་མཉམ་འགུལ་གྱི་ལམ་སྲོལ་བཙུགས་ནས་གཞི་རྩའི་སྨན་བཅོས་ཞབས་ཞུ་ངོ་བོ་གཅིག་མཚུངས་སུ་འགྱུར་རྒྱུ་རེད།
         ཀན་སུའུ་ཞིང་ཆེན་གྱིས་ལོ་གསུམ་གྱི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་འཆར་གཞི་བརྒྱུད། རོགས་སྐྱོར་ཐོབ་པའི་རྫོང་རིམ་པའི་སྨན་ཁང་རིམ་གཉིས་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་ཆུ་ཚད་དུ་སླེབས་པ་བྱས་ནས་2020ལོར་སླེབས་སྐབས“ཀྲོའུ་གཉིས་དང་རྫོང་གཅིག”གི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གཞི་རིམ་སྨན་བཅོས་སྒྲིག་གཞིས་རིམ་དབྱེ་ནད་དཔྱད་ཐུབ་པའི་ནད་རིགས་250ཡན་དུ་ཟིན་པ་དང་། ནད་པ་རྫོང་ཁོངས་སུ་སྨན་བཅོས་ཐུབ་ཚད་90%ཟིན་པ། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཚང་མ་ཁྱབ་པ་བཅས་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
         2018ལོར། ཀན་སུའུ་ཡི་ཞིང་ཆེན་རིམ་པའི་སྡེ་ཚན་7གྱིས་ཞིང་ཆེན་ཡོངས་ཀྱི་མི་འབོར་དབུལ་པོ་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་དབུལ་པོ་བསྐྱར་ལོག་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་མཐིལ་རྟོགས་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ནད་གཞི་ལྕི་རིགས་དང་། གཅོང་ནད། རྒྱུན་མཐོང་ནད། ཐོན་མང་བའི་ནད་སོགས་ལ་གནད་སྨིན་རིགས་དབྱེ་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས“མི་གཅིག་ལ་སྲིད་ཇུས་གཅིག”གི་བདེ་ཐང་རོགས་སྐྱོར་ཇུས་གཞི་བཟོ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།