འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་རི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དབར་གྱི་རིག་གནས་སྤེལ་རེས་དང་གྲོས་མོལ་ཚོགས་འདུ་
    ཐེངས་14པ་ཐོ་ཁེའོ་རུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་26ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་23ཉིན། ལོ་དགུ་སོང་རྗེས་སླར་ཡང་སྤྱོད་འགོ་ཚུགས་པའི་ཀྲུང་རིའི་སྲིད་གཞུང་དབར་གྱི་རིག་གནས་སྤེལ་རེས་དང་གྲོས་མོལ་ཚོགས་འདུའི་ལམ་སྲོལ་གྱིས་ཐོ་ཁེའོ་རུ་ཚོགས་འདུ་ཐེངས་14པ་འཚོགས་པ་རེད།
         ཚོགས་འདུའི་ཐོག་ཀྲུང་རིའི་རིག་གནས་སྤེལ་རེས་དང་མཉམ་ལས་ཀྱི་ད་ཡོད་གནས་ཚུལ་དང་གནས་པའི་གནད་དོན་ལ་ཟོལ་མེད་སྤེལ་རེས་བྱས་ཡོད། ཚོགས་འདུའི་ཐོག་ཀྲུང་རིའི་སྲིད་གཞུང་དབར་གྱི་རིག་གནས་སྤེལ་རེས་དང་གྲོས་མོལ་ཚོགས་འདུའི་ལམ་སྲོལ་གྱིས་ཀྲུང་རིའི་རིག་གནས་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་འགན་ལེན་བྱེད་པའི་འདེགས་སྐྱོར་ནུས་པར་ཁས་ལེན་གང་ལེགས་བྱས་ཤིང་། དུས་བཀག་ནང་རྒྱལ་ཁབ་གཉིས་སུ་རེས་མོས་ཀྱིས་འཚོག་རྒྱུའི་གྲོས་ཐག་བཅད་པ་དང་། སླད་ཕྱིན་ལོ་10ཡི་རིང་རིམ་པ་ཁག་གི་མི་སྣའི་ལམ་སྲོལ་ཅན་གྱི་འགྲོ་འོང་ལ་སྐུལ་འདེད་གཏོང་རྒྱུ་དང་། ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་དང་ལས་སྟེགས་འཚོལ་ཞིབ་ངང་གཏོད་རྒྱུ། རིག་གནས་ཐོན་ལས་མཉམ་ལས་དང་ཨོ་རྩལ་འགྲན་ཚོགས་ཀྱི་རིག་གནས་མཉམ་ལས་རྒྱ་ཁྱབ་ངང་སྤེལ་རྒྱུ་བཅས་བཏོན་ཡོད། ཚོགས་འདུའི་ཐོག་རི་པིན་ཕྱོགས་ཀྱིས་རིག་གནས་སྒྲིག་གཞི་དང་ཁེ་ལས་སྒྲིག་འཛུགས་བྱས་ཏེ་ཀྲུང་གོར་སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སོགས་རྒྱལ་སྤྱིའི་རང་བཞིན་གྱི་འགྲེམས་ཚོགས་ནང་ཞུགས་རྒྱུར་གདན་ཞུ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།