འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་བདུན་ཚོགས་པའི་ཕྱི་འབྲེལ་པུའུ་ཀྲང་གིས་ཆབ་སྲིད་དཔལ་འབྱོར་དང་བདེ་འཇགས་ཀྱི་
    འགྲན་སློང་གལ་ཆེན་ལ་མཉམ་དུ་ཁ་གཏད་གཅོག་གི་ཡིན་ཞེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་26ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།རྒྱལ་ཁབ་བདུན་ཚོགས་པའི་ཕྱི་འབྲེལ་པུའུ་ཀྲང་གིས་ཆབ་སྲིད་དཔལ་འབྱོར་དང་བདེ་འཇགས་ཀྱི་
འགྲན་སློང་གལ་ཆེན་ལ་མཉམ་དུ་ཁ་གཏད་གཅོག་གི་ཡིན་ཞེས་བཤད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་23ཉིན། ཁ་ན་ཏའི་ཏོའོ་ལུན་ཏོའོ་རུ་རྒྱལ་ཁབ་བདུན་ཚོགས་པའི་ཕྱི་འབྲེལ་པུའུ་ཀྲང་གིས་རྒྱལ་ཁབ་བདུན་ཚོགས་པས་ཚོང་དོན་ཚུད་པའི་ལམ་སྲོལ་ལྡན་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས“ཆབ་སྲིད་དཔལ་འབྱོར་དང་། བདེ་འཇགས་བཅས་ཀྱི་འགྲན་སློང་གལ་ཆེན”ལ་མཉམ་དུ་ཁ་གཏད་གཅོག་གི་ཡིན་ཞེས་ཁས་ལེན་བྱས་པ་རེད། རྒྱལ་ཁབ་བདུན་ཚོགས་པའི་ཕྱི་འབྲེལ་པུའུ་ཀྲང་དང་བདེ་འཇགས་པུའུ་ཀྲང་གི་ཚོགས་འདུ་ཚེས་22ཉིན་ནས་ཚེས་24ཉིན་བར་ཏོའོ་ལུན་ཏོའོ་རུ་འཚོགས་ཏེ་འདི་ལོའི་ཟླ་དྲུག་པར་ཁ་ན་ཏའི་ཁུའེ་པེ་ཁེར་འཚོག་རྒྱུ་ཡིན་པའི་རྒྱལ་ཁབ་བདུན་ཚོགས་པའི་དབུ་ཚོགས་ཀྱི་གྲ་སྒྲིག་བྱ་རྒྱུ་ཡིན་ཞིང་། འདི་ནི་ཁ་ན་ཏའི་ཏོའོ་ལུན་ཏོའོ་རུ་རྒྱལ་ཁབ་བདུན་ཚོགས་པའི་ཕྱི་འབྲེལ་པུའུ་ཀྲང་དང་བདེ་འཇགས་པུའུ་ཀྲང་གི་ཚོགས་འདུའི་ཐོག་ཞུགས་མཁན་མཉམ་དུ་པར་རྒྱག་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།