འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཨ་རིའི་རྒྱལ་དོན་ཁང་གི་སྙན་ཞུའི་ནང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་
    ལ་སྐྱོན་བརྗོད་བྱས་པར་ལན་བཏབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་26ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་རྒྱལ་དོན་ཁང་གིས་ཉིན་ཤས་གོང་། “2017ལོའི་ལོ་འཁོར་གྱི་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཞུ”ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོ་དང་འབྲེལ་བ་ཡོད་པའི་ཆ་ཤས་ནང་སླར་ཡང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་སྐྱོན་བརྗོད་བྱས་པར་བརྟེན། ཚེས་23ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་བྱེད་ཐབས་འདི་འདྲར་བརྟེན་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་དང་ཀྲུང་གོའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་རྩིས་བྱས་པ་དེ་དག་སྔོན་ཆད་ངལ་བ་སྟོང་ཟད་དུ་གྱུར་ཡོད་ལ། ཕྱིན་ཆད་ཀྱང་ལེགས་གྲུབ་གཏན་ནས་ཡོང་མི་སྲིད་ཅེས་བཤད་པ་རེད།
         ལུའུ་ཁང་གིས། ཨ་རི་ཕྱོགས་ཀྱིས་ལོ་ལྟར་སྙན་ཞུ་འདི་ཡོངས་བསྒྲགས་བྱས་ནས་རྒྱལ་ཁབ་གཞན་ལ་སྐྱོན་འཛུགས་བྱེད་ཀྱི་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་མི་མང་པོ་ཞིག་གིས་སྔོན་མ་ནས་སུན་སྣང་ཚད་མེད་བྱེད་ཀྱི་ཡོད། འདི་ལོའི་སྙན་ཞུའི་ནང་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ཆ་ཤས་སུ་མུ་མཐུད་དོན་དངོས་སྣང་མེད་དུ་བཏང་བ་དང་ཕྱོགས་ཞེན་གྱིས་ཁེངས་ཡོད་ཅེས་བཤད། “ང་ཚོས་ཨ་རི་ཕྱོགས་དང་དྲང་ནན་ངང་སྐད་ཆ་བྱས་ཏེ་བྱེད་ཐབས་འདི་འདྲར་བརྟེན་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་དང་ཀྲུང་གོའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་རྩིས་བྱས་པ་དེ་དག་སྔོན་ཆད་ངལ་བ་སྟོང་ཟད་དུ་གྱུར་ཡོད་ལ་ཕྱིན་ཆད་ཀྱང་ལེགས་གྲུབ་གཏན་ནས་ཡོང་མི་སྲིད་ཅེས་ཁ་གསལ་ངང་ཤོད་རྒྱུ་ཡིན”
         ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་བྱུང་ཡོད། དེའི་ཐད་ཀྲུང་གོའི་མི་དམངས་ལ་སྐད་ཆ་ཤོད་དབང་ཆེན་པོ་ཡོད་ཅེས་བཤད།
         ང་ཚོས་རྒྱལ་ཁབ་ཁག་གིས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གླེང་མོལ་དང་སྤེལ་རེས་བྱས་ཏེ་ཕན་ཚུན་དབར་དཔྱད་གཞིར་འཛིན་པ་དང་ཐུན་མོང་ཡར་རྒྱས་ཡོང་བའི་དམིགས་ཚད་དུ་སླེབས་རྒྱུར་ཡི་རང་ཞུ་གི་ཡོད། དེ་དང་ཆབས་ཅིག་ཀྲུང་གོ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་ལུའུ་ཁང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།