འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རབ་ཀྱི་ཡུལ་སྐོར་ཁྲོམ་རའི་འགྲེམས་སྟོན་སྐབས་25པས་འཛམ་གླིང་དབུས་ཤར་གྱི་ཡུལ་སྐོར་
    རྣམ་གྲངས་གསར་པ་ཁྱབ་གདལ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་26ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཨ་རབ་ཀྱི་ཡུལ་སྐོར་ཁྲོམ་རའི་འགྲེམས་སྟོན་སྐབས་25པ་དེ་ཉེ་ཆར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་རུ་འགོ་ཚུགས་པ་དང་གོ་ལ་ཧྲིལ་པོའི་ཁེ་ལས་2500དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་གྲས་ཁག་གིས་ཡུལ་སྐོར་ཞབས་ཞུའི་སྒྲིག་ཆས་དང་རྣམ་གྲངས་གསར་པ་ཁྱབ་གདལ་བཏང་ནས་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་ཀྱི་ལྟེ་བའི་གནས་བབ་སྔར་བས་བརྟན་དུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
         ཏི་པའེ་ཡུལ་སྐོར་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། 2017ལོའི་ཏི་པའེ་རུ་ཡོང་མཁན་རྒྱལ་སྤྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་1579ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ་དང་2020ལོར་སླེབས་སྐབས་ཏི་པའེ་རུ་འཛམ་གླིང་དངོས་མང་སྟོན་ཚོགས་འཚོག་སྐབས་རྒྱལ་སྤྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་2000ཟིན་རེ་ཡོད་པ་རེད།
         2016ལོའི་ཟླ་11པར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་འགོད་མི་དགོས་པའི་ཐོབ་ཐང་སྤྲད་པའི་ཁྱབ་བསྒྲགས་བྱས་པ་རེད། ཏི་པའེ་ཡུལ་སྐོར་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་གསལ། 2017ལོར་ཀྲུང་གོ་འདི་ཉིད་ཏི་པའེ་རུ་ཡུལ་སྐོར་དུ་ཡོང་མཁན་ཡུལ་སྐོར་བའི་ཡོང་ཁུངས་ཁྲོམ་ར་ཆེ་གྲས་ཁག་ལྔ་པ་དེར་གྱུར་ནས་ཡུལ་སྐོར་མི་ཐེངས་ཁྲི་76.4ལས་བརྒལ་བ་དེ་དུས་མཚུངས་ལས་41%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།