འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི“ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོའི”ཚོགས་ར་གཙོ་བོའི་བྱེད་སྒོ་ཧའར་པིན་དུ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་26ཉིན། 11:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་24ཉིན། བཟོ་འཕྲིན་པུའུ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས། ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཉེར་བའི་2018ལོའི“ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོའི”ཚོགས་ར་གཙོ་བོའི་བྱེད་སྒོ་ཧའར་པིན་བཟོ་ལས་སློབ་ཆེན་དུ་འགོ་ཚུགས་པ་རེད།
         འདི་ལོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“འཇིག་རྟེན་འཕུར་སྐྱོད་ཀྱི་དུས་རབས་གསར་པ་མཉམ་དུ་གཏོད”ཅེས་པ་དེ་ཡིན་པ་དང་། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ལས་རིགས་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པ། འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། སྟོབས་ཤུགས་ཆེན་པོ་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་ཀྱི་སྒོ་ནས་འཇིག་རྟེན་འཕུར་སྐྱོད་ཀྱི་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུར་སྐུལ་འདེད་མྱུར་པོ་གཏོང་དགོས་པའི་འབོད་སྐུལ་བྱ་ཆེད་ཡིན་པ་རེད།
         བཟོ་འཕྲིན་པུའི་པུའུ་ཀྲང་མེའོ་ཝུའེ་ཡིས་བྱེད་སྒོར་ཞུགས་སྐབས། “ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོ”འདི་ཉིད་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་སྟོབས་ཤུགས་ཆེན་པོ་གོང་བུ་གཅིག་ཏུ་སྒྲིལ་བའི་སྒྲོག་ཐག་གལ་ཆེན་ཞིག་དང་། འཇིག་རྟེན་འཕུར་སྐྱོད་ཀྱི་ཤེས་བྱ་ཁྱབ་གདལ་དང་གསར་གཏོད་རིག་གནས་སྐྱེད་སྲིང་གི་ལས་སྟེགས་གལ་ཆེན་ཞིག འཇིག་རྟེན་འཕུར་སྐྱོད་ཀྱི་གྲུབ་འབྲས་མངོན་པ་དང་རྒྱལ་སྤྱིའི་མཉམ་ལས་རྒྱ་སྐྱེད་གཏོང་བའི་སྐར་ཁུང་གལ་ཆེན་ཞིག་བཅས་ལ་གྱུར་ཡོད་ཅེས་གསུངས།
         རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཁྱབ་གདལ་སློབ་གསོའི་རྟེན་གཞིའི་སྒོ་བྱང་སྤྲོད་པ་དང་། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོ། “འཇིག་རྟེན་འཕུར་སྐྱོད་ཀྱི་ཐེབས་རྩའི་བྱ་དགའི་དམིགས་བསལ་བྱ་དགའ”སྤྲོད་པའི་བྱེད་སྒོ་སྐབས་དང་པོ་བཅས་འགོ་ཚུགས་མཛད་སྒོའི་ཐོག་གཉེར་བ་རེད།
         འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས“ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་ཚོགས་ཆེན”སྐབས་དང་པོ་འགོ་ཚུགས་ཤིང་། སྲིད་གཞུང་གི་སྡེ་ཚན་དང་། ཁེ་ལས། ཞིབ་འཇུག་སྒྲིག་གཞི། རྒྱལ་ཁབ་ཕྱི་ནང་བཅས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་དེ་བཞིན་ཀྲུང་གོ་དང་ཕྱི་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་2000ཙམ་གྱིས་འཇིག་རྟེན་འཕུར་སྐྱོད་ཀྱི་ལག་རྩལ་ལ་བརྟེན་ནས་ཧེ་ལུང་ཅང་དར་རྒྱས་ཡོང་བ་དང་། འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་འཕེལ་རྒྱས་དང་གསར་གཏོད། རྒྱང་ཚོར་ཉེར་སྤྱོད་དང་རྒྱལ་སྤྱིའི་མཉམ་ལས། ཚོང་དོན་འཇིག་རྟེན་འཕུར་སྐྱོད་ཀྱི་ཐོན་ལས་གོང་འཕེལ། འཇིག་རྟེན་འཕུར་སྐྱོད་ཀྱི་སློབ་གསོ་དང་རིག་གནས་སོགས་ཀྱི་བརྗོད་གཞིར་དམིགས་ཏེ་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།
         “ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོའི”རིང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་། ས་གནས་ཁག་གི་རྒྱལ་སྲུང་ཚན་རྩལ་བཟོ་ལས་དོ་དམ་སྡེ་ཚན། འཇིག་རྟེན་འཕུར་སྐྱོད་ཀྱི་ཁེ་ལས་དང་བྱ་གཞག་ཚན་པ། འབྲེལ་ཡོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ། ཚོགས་པ་བཅས་ཀྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་དང་། སྒྲིག་ཆས་ལ་ལྟ་སྐོར། ཚན་རིག་ཤེས་བྱའི་འཆད་ཁྲིད། འགྲེམས་སྟོན། ཤེས་བྱའི་འགྲན་བསྡུར། བརྙན་ཐུང་འཚོལ་བསྡུ་སོགས་སོ་སོའི་ཁྱད་ཆོས་ལྡན་ཞིང་ངོ་མཚར་ཆེ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཁག་300ཙམ་སྤེལ་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།