འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་གྱིས་ཉིང་རྡུལ་ཚོད་ལྟ་དང་གླིང་སྐྱོད་འཕུར་མདའ་ཚོད་འཕེན་བྱེད་མཚམས་འཇོག་
    རྒྱུའི་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་23ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངསད་དྲ་བའི་འཕྲིན། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་21ཉིན་གནས་ཚུལ་སྤེལ་བ་གཞིར་བཟུང་། ཚེས་20ཉིན་འཚོགས་པའི་ཁྲའོ་ཞན་ངལ་རྩོལ་ཏང་སྐབས་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་2018ལོའི་ཟླ་4ཚེས་21ཉིན་ནས་བཟུང་ཁྲའོ་ཞན་གྱིས་ཉིང་རྡུལ་ཚོད་ལྟ་དང་གླིང་སྐྱོད་འཕུར་མདའ་ཚོད་འཕེན་བྱེད་མཚམས་འཇོག་རྒྱུའི་གཏན་འབེབས་བྱས་པ་རེད།
         གནས་ཚུལ་སྤེལ་བའི་ནང་དེ་ཉིན་གྱི་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་ཀྱི་ནང་དོན་མང་དག་ཅིག་གི་གྲས་སུ་ད་དུང་ཉིང་རྡུལ་ཚོད་ལྟ་བྱེད་མཚམས་འཇོག་རྒྱུའི་ཐད་ཀྱི་གསལ་སྟོན་རང་བཞིན་འགན་ལེན་བྱ་ཆེད་ཁྲའོ་ཞན་གྱིས་བྱང་རྒྱུད་ཀྱི་ཉིང་རྡུལ་ཚོད་ལྟ་ར་བ་བེད་མེད་བཟོ་རྒྱུ་ཡིན་པ་ཚུད་ཡོད་པ་རེད། གྲོས་ཆོད་ནང་ད་དུང་ཉིང་རྡུལ་ཚོད་ལྟ་བྱེད་མཚམས་འཇོག་པ་ནི་འཛམ་གླིང་གི་ཉིང་རྡུལ་མཚོན་ཆ་སྤྱོད་ཤུགས་ཆུང་དུ་གཏོང་བའི་བརྒྱུད་རིམ་གལ་ཆེན་ཞིག་ཡིན་པས་ཁྲའོ་ཞན་གྱིས་ཕྱོགས་ཡོངས་ནས་ཉིང་རྡུལ་ཚོད་ལྟ་བྱེད་མཚམས་འཇོག་པའི་རྒྱལ་སྤྱིའི་དམིགས་ཚད་དང་འབད་འཐབ་ཁྲོད་ཞུགས་རྒྱུ་ཡིན་ལུགས་བསྟན་པ་རེད།
         གྲོས་ཆོད་ནང་ཉིང་རྡུལ་མཚོན་ཆའི་འཇིགས་སྐུལ་ལམ་ཡང་ན་ཉིང་རྡུལ་མཚོན་ཆའི་བསྙད་མི་ཕོག་པའི་གནས་ཚུལ་འོག ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆ་ཡེ་ནས་སྤྱོད་མི་སྲིད། གནས་ཚུལ་གང་ཞིག་འཕྲད་རུང་ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆ་དང་ཉིང་རྡུལ་ལག་རྩལ་ཕྱིར་མི་གྱར་བ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
         ཚོགས་འདུའི་ཐོག་ད་དུང་ཁྲའོ་ཞན་གྱི་མི་ཤུགས་དང་དངོས་ཤུགས་ཀྱི་ཐོན་ཁུངས་ཁྱོན་ཡོངས་ནས་སྐུལ་སློང་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བའི་དམག་འཐབ་ཁྲོད་ནུས་ཤུགས་ཡོད་རྒུས་ཞུགས་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་ཕན་པའི་རྒྱལ་སྤྱིའི་ཁོར་ཡུག་བསྐྲུན་ཆེད་དང་ཁྲའོ་ཞན་ཕྱེད་གླིང་དང་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད། ཁྲའོ་ཞན་གྱིས་མཐའ་འཁོར་གྱི་རྒྱལ་ཁབ་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བ་ཟབ་གཏོང་དང་བགྲོ་གླེང་ཧུར་ཐག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།