འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི《སྲོལ་རྒྱུན་ལག་བྲིས་ཐང་གའི་ས་གནས་ཀྱི་ཚད་གཞི》འདི་ལོ་ལག་བསྟར་
    བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་23ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་སྡེ་ཚན་ནས་ཤེས་རྟོགས་བྱས་པར། རྒྱལ་ནང་དུ་བོད་ཀྱི་ལག་བྲིས་ཐང་གའི་ས་གནས་ཀྱི་ཚད་གཞི་ཐོག་མ་སྟེ། 《སྲོལ་རྒྱུན་ལག་བྲིས་ཐང་གའི་ས་གནས་ཀྱི་ཚད་གཞི་》གོང་ཚེས་ཉིན་ལག་རྩལ་ཞིབ་བཤེར་ཚོགས་པའི་རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་ཚོད་དཔག་བྱས་ན་འདི་ལོ་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
         བོད་ལྗོངས་ཀྱི་《སྲོལ་རྒྱུན་ལག་བྲིས་ཐང་གའི་ས་གནས་ཀྱི་ཚད་གཞིའི་》ནང་ཐང་གའི་རས་ཆ་དང་། ཚོན། བཟོ་རྩལ། ཚད་གཞི། གོས་གཤམ་སོགས་ཀྱི་ནང་དོན་བཀོད་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞིའི་བླང་བྱ་གཞིར་བཟུང་། སྲོལ་རྒྱུན་ལག་བྲིས་ཐང་གར་ཚད་གཞི་གཏན་འཁེལ་བྱས་ཡོད་པ་རེད། གཞན་ཡང་ཚད་གཞི་དེའི་ནང་ཐང་གའི་རིམ་དབྱེ་རིགས་དབྱེའི་ཞིབ་སྲོལ་དང་དེ་བཞིན་མཚོན་རྟགས་དང་། ཐུམ་སྒྲིལ། སྐྱེལ་འདྲེན། ཉར་ཚགས་སོགས་ཀྱི་ནང་དོན་ཡོད་པ་རེད།
          བོད་ལྗོངས་སློབ་གྲྭ་ཆེ་མོའི་སྒྱུ་རྩལ་སློབ་གླིང་དང་། བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས། བོད་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་སུའོ། བོད་རང་སྐྱོང་ལྗོངས་ཚད་ལྡན་ཅན་ཞིབ་འཇུག་སུའོ། ཐང་གའི་སྒྱུ་རྩལ་རྒྱུན་འཛིན་པ་ཁག་གཅིག་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཞིབ་དཔྱད་ནང་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།