འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་ནས་ནག་ཆུ་བར་གྱི་རིམ་མཐོའི་གཞུང་ལམ་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་
    འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་21ཉིན། 12:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར། བོད་ལྗོངས་ལྷ་ས་ནས་ནག་ཆུ་བར་གྱི་རིམ་མཐོའི་གཞུང་ལམ་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་བ་དང་། ཚོད་འཛིན་རང་བཞིན་གྱི་ལས་གྲྭ་དེ་ནི་མཚོ་བོད་གཞུང་ལམ(རྒྱལ་ལམ་109)དང་མཚོ་བོད་ལྕགས་ལམ་བར་དུ་གནས་ཡོད། འཆར་འགོད་ལམ་ཐིག་ནང་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དང་། སྟོད་ལུང་བདེ་ཆེན་ཆུས། ཁྲེང་ཀོན་ཆུས་སོགས་ཚུད་ཡོད་པ་རེད། ལས་གྲྭ་དེའི་ལམ་ཐིག་ཡོངས་སུ་རིམ་པ་དང་པོའི་གཞུང་ལམ་ལག་རྩལ་གྱི་ཚད་གཞི་སྤྱད་ནས་འཛུགས་སྐྲུན་བྱས་པ་དང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་100ཇུས་འགོད་བྱས་པ་དེར་ཁ་ཕྱོགས་གཉིས་དང་འཁོར་ལམ་6ཡོད་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། ལས་གྲྭ་དེ་བསྐྲུན་ཟིན་རྗེས་མུ་མཐུད་བོད་བྱང་ཐང་ཕྱོགས་སུ་སྣུར་སྲིང་བྱེད་རྒྱུ་ཡིན་པ་རེད།     མི་དམངས་དྲ་བའི་འཕྲིན། མིག་སྔར། བོད་ལྗོངས་ལྷ་ས་ནས་ནག་ཆུ་བར་གྱི་རིམ་མཐོའི་གཞུང་ལམ་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་བ་དང་། ཚོད་འཛིན་རང་བཞིན་གྱི་ལས་གྲྭ་དེ་ནི་མཚོ་བོད་གཞུང་ལམ(རྒྱལ་ལམ་109)དང་མཚོ་བོད་ལྕགས་ལམ་བར་དུ་གནས་ཡོད། འཆར་འགོད་ལམ་ཐིག་ནང་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དང་། སྟོད་ལུང་བདེ་ཆེན་ཆུས། ཁྲེང་ཀོན་ཆུས་སོགས་ཚུད་ཡོད་པ་རེད། ལས་གྲྭ་དེའི་ལམ་ཐིག་ཡོངས་སུ་རིམ་པ་དང་པོའི་གཞུང་ལམ་ལག་རྩལ་གྱི་ཚད་གཞི་སྤྱད་ནས་འཛུགས་སྐྲུན་བྱས་པ་དང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་100ཇུས་འགོད་བྱས་པ་དེར་ཁ་ཕྱོགས་གཉིས་དང་འཁོར་ལམ་6ཡོད་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། ལས་གྲྭ་དེ་བསྐྲུན་ཟིན་རྗེས་མུ་མཐུད་བོད་བྱང་ཐང་ཕྱོགས་སུ་སྣུར་སྲིང་བྱེད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།