འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འཛིན་རོགས་སྐྱོབ་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་21ཉིན། 12:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་བ་4པ་ནས་ཟླ་12པའི་ཟླ་མཇུག་བར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས“རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི”ཆེད་དོན་བྱ་སྤྱོད་གཅིག་གྱུར་ཐོག་སྤེལ་རྒྱུ་ཡིན་པ་རེད། ཆེད་དོན་བྱ་སྤྱོད་ཏན་ཏིག་ངང་སྤེལ་ཆེད། ཆེས་མཐོའི་ཞིབ་དཔྱོད་ཁང་ཉེས་དོན་བསྐྱར་ཞུ་ཞིབ་དཔྱོད་ཐིང་གིས་《རྒྱལ་ཁབ་ཞིབ་དཔྱོད་ལས་ཁུངས་སུ“རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི”ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》ཆེད་མངགས་བཟོས་ནས་གཤམ་བསྒྲགས་བྱས་པ་རེད།
         《བརྡ་ཐོའི་》ནང་། ཆེད་དོན་བྱ་སྤྱོད་སྤེལ་རིང་《རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར(ཚོད་ལྟའི་ལག་བསྟར)》ནང་ཁ་གསལ་བཏོན་པའི་རོགས་སྐྱོབ་བྱ་ཡུལ་གྱི་ཁྱབ་ཁོངས་གཞིར་བཟུང་། རོགས་སྐྱོབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་དགོས་པ་དང་འབྲེལ་དུད་ཚང་དབུལ་པོ་དང་། དམག་མིའི་ནང་མི། ན་སོ་དར་ལ་མ་བབས་པའི་མི། དབང་པོ་སྐྱོན་ཅན་བཅས་རིགས་བཞིའི་ཚོགས་སྤྱི་རོགས་སྐྱོབ་བྱ་ཡུལ་གཙོ་བོར་བརྩིས་ནས་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་བྱེད་ཐབས་ནུས་ལྡན་སྤྱོད་པ་དང་རོགས་སྐྱོར་ཧུར་ཐག་བྱེད་དགོས། རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་དེ་གནད་སྨིན་དབུལ་སྐྱོར་གྱི་འདུ་འགོད་ནང་བཅུག་ནས་གྱོད་གཞིའི་རྐྱེན་པས་དབྱུལ་པོར་གྱུར་པ་དང་གྱོད་གཞིའི་རྐྱེན་པས་དབྱུལ་པོ་བསྐྱར་ལོག་གི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཁྲིམས་འཛིན་གྱི་རོགས་སྐྱོབ་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་བྱས་ཡོད།
         《བརྡ་ཐོའི་》ནང་ཆེད་དོན་བྱ་སྤྱོད་སྤེལ་བ་བརྒྱུད། “ཕྱོགས་ཡོངས་གསུམ”གྱི་དམིགས་ཚད་མངོན་འགྱུར་བྱེད་དགོས་ཤིང་། ལས་དོན་རྒྱུན་གཏན་ཅན་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་བ་བྱས་ཏེ་རིམ་ཁག་ཞིབ་དཔྱོད་ལས་ཁུངས་དང་ལྷག་པར་དུ་གཞི་རིམ་ཞིབ་དཔྱོད་ཁང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་དང་དམངས་འཚོ་འགན་ལེན་གྱི་སྤྱི་ཡོངས་དང་ཆགས་སྟངས་ཁྲོད་གནས་བབ་གསལ་པོར་བཙལ་ནས་ནུས་པ་གལ་ཆེན་འདོན་དགོས། རོགས་སྐྱོབ་གཞི་ཁྱོན་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱི་རང་འགུལ་རོགས་སྐྱོབ་འདུ་ཤེས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་རེ་ཞུ་ལྟར་རོགས་སྐྱོབ་བྱེད་པ་ནས་འགན་དབང་ལྟར་རོགས་སྐྱོབ་བྱེད་པའི་བར་འགྱུར་ལྡོག་གཏོང་བ་དང་། གྱོད་གཞི་བསྒྲུབ་རྒྱུར་སྒུག་ནས་སྡོད་པ་ནས་སྒོ་རྩར་འདྲི་རྩད་བྱེད་པར་བསྐྱོད་པའི་བར་འགྱུར་ལྡོག་བཏང་སྟེ་ཞབས་ཞུའི་འདུ་ཤེས་ཆེ་རུ་གཏོང་བ་དང་། རང་འགུལ་ངང་ཐུགས་ཁུར་བྱས་ནས“རོགས་སྐྱོབ་བྱེད་དགོས་ངེས་ལ་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ”དང་དུས་ཐོག་ཏུ་རོགས་སྐྱོབ་ཐུབ་པར་བྱེད་དགོས། ལས་ཀའི་ལམ་སྲོལ་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་བཏང་ནས་རོགས་སྐྱོབ་རེ་ཞུའི་ཞིབ་མཆན་ལམ་སྲོལ་སྔར་བས་ཁ་གསལ་བཟོ་བ་དང་། རོགས་སྐྱོབ་མ་དངུལ་སྔོན་རྩིས་དང་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ནང་ངོས་ལས་ཀའི་ལམ་སྲོལ་དང་། ལས་ཀའི་ལྟ་ཞིབ་དཔྱད་ཞིབ་ལམ་སྲོལ། ཕྱི་ཕྱོགས་དང་འབྲེལ་མཐུད་ལམ་སྲོལ་སོགས་འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་རྒྱུན་མཐུད་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།