འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཐོག་མར་ལེན་པའི་མ་གནས་གྲོན་དངུལ་བསྡུ་མཚམས་བཞག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་21ཉིན། 12:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྤྱི་ཚོགས་ཀྱི་ཁུར་པོ་སྔར་བས་ཡང་དུ་གཏོང་བ་དང་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་ཁག་གཅིག་བསྡུ་མཚམས་བཞག་པ་དང་། རྩ་ཆག་བཏང་བ། ལེགས་སྒྲིག་བྱས་པ་བཅས་ཀྱི་བརྡ་ཐོ་བཏང་བ་རེད།
         2018ལོའི་ཟླ་4ཚེས་1ཉིན་ནས་བཟུང་། ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཐོག་མར་ལེན་པའི་མ་གནས་བསྡུ་མཚམས་བཞག་པ་དང་། 2018ལོའི་ཟླ་1ཚེས་1ཉིན་ནས་2020ལོའི་ཟླ་12ཚེས་31ཉིན་བར། དངུལ་འཛིན་གྱི་དུས་བཅད་ཚོང་ཟོག་ལས་རིགས་སྒྲིག་གཞིའི་ལྟ་སྐུལ་དོ་དམ་འགྲོ་གྲོན་གནས་སྐབས་བསྡུ་མཚམས་འཇོག་རྒྱུ། 2018ལོའི་ཟླ་8ཚེས་1ཉིན་ནས་བཟུང་། ཁེ་བེད་བདག་ཐོབ་ཀྱི་གྲོན་དངུལ(རྒྱལ་ནང་གི་ཆ་ཤས)ཁྲོད་ཀྱི་ཁེ་བེད་ཐོ་འགོད་གྲོན་དངུལ་དང་། སྤྱི་བསྒྲགས་པར་འགྲེམས་གྲོན་དངུལ། ཁེ་བེད་ལས་ཚབ་སྒྲིག་གཞི་དང་ལས་ཚབ་པའི་མངགས་བཅོལ་འབྲེལ་བ་སྒྱུར་བ། PCT(《ཁེ་བེད་བདག་ཐོབ་མཉམ་ལས་ཀྱི་ཆིངས་ཡིག་》)ཡི་ཁེ་བེད་བདག་ཐོབ་རེ་ཞུའི་འགྲོ་གྲོན(རྒྱལ་སྤྱིའི་དུས་མཚམས་ཀྱི་ཆ་ཤས)ཁྲོད་ཀྱི་རིམ་བརྒྱུད་འགྲོ་གྲོན་བཅས་བསྡུ་མཚམས་འཇོག་རྒྱུ་དང་། ཆ་རྐྱེན་ཚང་བའི་རེ་ཞུ་བར་ཁེ་བེད་བདག་ཐོབ་ཀྱི་ལོའི་འགྲོ་གྲོན་སྤྲོད་ཉུང་དུ་གཏོང་བའི་དུས་བཀག་དེ་ཁེ་བེད་བདག་ཐོབ་སྤྲད་པའི་ལོ་ནས་བཟུང་གི་ལོ་6ནས་ལོ་10ནང་ཚུན་དུ་སྣུར་སྲིང་བྱ་རྒྱུ། ཆ་རྐྱེན་ཚང་བའི་ཁེ་བེད་བདག་ཐོབ་གསར་གཏོད་རེ་ཞུ་བྱེད་མཁན་ལ་ཞིབ་དཔྱད་ཀྱི་བསམ་འཆར་བརྡ་ཐོ་ཐེངས་དང་པོའི་ལན་འདེབས་དུས་བཀག་མ་ཐིམ་གོང(ལན་འདེབས་བསམ་འཆར་སྤྲད་ཟིན་པ་ཕུད)རང་འགུལ་ངང་རེ་ཞུ་ཕྱིར་འཐེན་བྱེད་མཁན་ལ་ཁེ་བེད་བདག་ཐོབ་རེ་ཞུའི་ངོ་བོའི་ཞིབ་དཔྱད་འགྲོ་གྲོན་50%ཕྱིར་སློག་བྱེད་ཆོག་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།