འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ལམ་རྒྱུད་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་
    རྒྱུར་ཕན་པ་ཐོབ་རྒྱུ་ཡིན་པ་མངོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་21ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བརྟག་དཔྱད་ཀྱི་སྙན་ཞུ་གསར་ཤོས་ལས། བཅར་འདྲི་དང་ལེན་ཞུ་མཁན“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཀྲུང་དབྱང་དངུལ་ཁང་26ཁྲོད་ཀྱི་བརྒྱ་ཆ་དགུ་བཅུ་ལྷག་གིས“རྒྱུད་གཅིག་ལམ་གཅིག”རྣམ་གྲངས་དེས་འབྱུང་འགྱུར་ལོ་5ཡི་ནང་རང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་རྒྱུར་སྐུལ་མ་ཐེབས་རྒྱུའི་ངོས་འཛིན་བྱས་པ་མ་ཟད། རྒྱལ་ཁབ་མང་པོ་ཞིག་གིས་ཀྲུང་གོས་གཙོ་ཁྲིད་བྱས་པའི་ཕྱོགས་མང་སྒྲིག་གཞིར་རྣམ་འགྱུར་ཡག་པོ་བཟུང་བ་མངོན་ཡོད།
         རྒྱལ་སྤྱིའི་དངུལ་རྩའི་གླེང་སྟེགས་དང་དབྱིན་ཇིའི་དུས་དེབ་《ཀྲུང་དབྱང་དངུལ་ཁང་》གིས་ཚེས་18ཉིན་ཝ་ཧྲིང་ཐོན་གྱི་ཇུས་འདོན་ཚོགས་པའི་པུའུ་ལུའུ་ཅིན་སི་རིག་གཞུང་ལྷན་ཚོགས་དང་མཉམ་དུ་《རྒྱུད་གཅིག་ལམ་གཅིག་ལོ་ལྔ་འཁོར་བའི་བརྟག་དཔྱད་སྙན་ཞུ་》ཁྱབ་བསྒྲགས་བྱས་པ་ལས། བཅར་འདྲི་དང་ལེན་ཞུ་མཁན་ཀྲུང་དབྱང་དངུལ་ཁང་67%གྱིས་སྔོན་དཔག་བྱས་ན། འབྱུང་འགྱུར་ལོ་ལྔའི་ནང་། “རྒྱུད་གཅིག་ལམ་གཅིག”རྣམ་གྲངས་ཀྱིས་རང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གྲངས་0ནས་1.5བར་མཐོ་རུ་འགྲོ་རྒྱུར་རོགས་རམ་ཐོབ་རྒྱུ་དང་། བཅར་འདྲི་དང་ལེན་བྱེད་མཁན་ཀྲུང་དབྱང་དངུལ་ཁང་25%ཡིས་སྔོན་དཔག་བྱས་ན་རང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གྲངས་1.5ནས་5.5བར་མཐོ་རུ་འགྲོ་རྒྱུ་ཡིན་པ་མངོན་ཡོད།
         བརྟག་དཔྱད་ལས། བཅར་འདྲི་དང་ལེན་བྱེད་མཁན་ཀྲུང་དབྱང་དངུལ་ཁང་བརྒྱ་ཆ་དྲུག་ཅུ་ལྷག་གིས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པའི་མ་རྩ་འཕར་སྣོན་ཡོང་བར་རྒྱབ་སྐྱོར་བྱས་པ་དེས་སྒྲིག་གཞི་ཆེན་པོ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”རྣམ་གྲངས་ལ་མ་དངུལ་མཉམ་བསྡུ་མཁོ་འདོན་བྱ་རྒྱུར་ཕན་པ་ཡོད་པ་མངོན་ཡོད།
         རྒྱལ་སྤྱིའི་དངུལ་རྩའི་གླེང་སྟེགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཡན་ལིས་ཉིན་དེའི་ཡོངས་བསྒྲགས་ཚོགས་འདུའི་ཐོག བཅར་འདྲི་དང་ལེན་ཞུ་མཁན་ཀྲུང་དབྱང་དངུལ་ཁང་ཕྱེད་ཀ་ཙམ་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ“ཐོབ་པར་དཀའ་བའི་གོ་སྐབས་ཆེན་པོ”མཁོ་འདོན་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་མི་དུང་ཕྱུར་བཅུ་གྲངས་ཁ་ཤས་ལ་དཔལ་འབྱོར་དར་རྒྱས་ཡོང་བ་དང་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུར་ཕན་པ་ཐོན་ངེས་རེད་ཅེས་བཤད།
        རྒྱལ་སྤྱིའི་དངུལ་རྩའི་གླེང་སྟེགས་དེ། 2003ལོའི་ཟླ་10པར་ཀྲུང་གོ་དང་། ཨ་རི། ཡོ་རོབ་མནའ་འབྲེལ་སོགས་རྒྱལ་ཁབ་དང་ས་ཁུལ་20ལྷག་དང་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་78ཀྱིས་མཉམ་དུ་གྲོས་འགོ་བཏོན་ནས་བཙུགས་པ་ཞིག་ཡིན་པ་དང་། དེ་ནི་གོ་ལ་ཧྲིལ་པོའི་དངུལ་རྩའི་ཁྱབ་ཁོངས་ཀྱི་རིམ་པ་མཐོ་བའི་དབར་སྐད་ཆ་ཤོད་རེས་དང་། སྤེལ་རེས། ཞིབ་འཇུག་བཅས་ཀྱི་རྒྱུན་བཙུགས་སྒྲིག་གཞི་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།