འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་བདེ་ཐང་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་21ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཀན་སུའུ་ཞིང་ཆེན་གྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི“ཚོགས་སྒྲིག་རྣམ་པའི”བདེ་ཐང་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྤེལ་འགོ་ཚུགས་པ་དང་། ཀན་སུའུ་ཡི་ཞིང་ཆེན་རིམ་པའི་རོགས་སྐྱོར་སྨན་ཁང་9ཡིས་སྤྱི་ཡོངས་མངགས་བཅོལ་དོ་དམ་གྱི་བྱེད་ཐབས་སྤྱད་དེ་ཡུག་བགོས་འགན་གཙང་བླངས་ནས་ཀན་སུའུ་ཞིང་ཆེན་ཀ་ཆུ་ཧུད་རིགས་རང་སྐྱོང་ཀྲོའུ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཅས་ཚུད་པའི“ཀྲོའུ་གཉིས་རྫོང་གཅིག”གི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་རྫོང་རིམ་པའི་སྨན་ཁང་17དུ་ཁག་སོ་སོར་སྒོ་བྱང་བཀལ་ནས་ཡན་ལག་སྨན་ཁང་བཙུགས་པ་དང་འབྲེལ། འགན་འཁུར་མི་སྣ་རོགས་སྐྱོར་བྱ་ཡུལ་སྨན་ཁང་དུ་གོ་གནས་འཁུར་བར་བཏང་བ་དང་། ཡན་ལག་སྨན་ཁང་གི་ཚད་གཞིར་གཞིགས་ཏེ་སྨན་ཁང་དོ་དམ་དང་། ཤེས་ལྡན་མི་སྣ་གསོ་སྦྱོང་། ཞན་ཆའི་རིག་གཞུང་ཚན་ཁག་འཛུགས་སྐྱོང་། ལས་སྒོའི་བྱང་ཚད་མཐོ་རུ་གཏོང་བ། གན་འཇོག་ཞབས་ཞུ། གྲོན་དངུལ་གཏོང་བ་སོགས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་ཏེ་ཚགས་ཚུད་ཅན་གྱི་གོང་འོག་མཉམ་འགུལ་ལམ་སྲོལ་བཙུགས་ཏེ་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཁྱབ་པར་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་རིམ་པའི་སྨན་ཁང་གིས་རོགས་སྐྱོར་ཐོབ་པའི་སྨན་ཁང་ལ་མངགས་བཅོལ་དོ་དམ་བྱེད་པ་དང་སྦྲགས་ཡན་ལག་སྨན་ཁང་གི་སྒོ་བྱང་འགེལ་བ་ནི་ཀན་སུའུ་ཞིང་ཆེན་གྱིས་འདི་ལོར་ཤིན་ཏུ་དབུལ་བའི་ས་ཁུལ་ལ་ཕྱོགས་ནས“ཚོགས་སྒྲིག་རྣམ་པའི”བདེ་ཐང་དབུལ་སྐྱོར་བྱ་སྤྱོད་སྤེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། “གཅིག་གཏད་གཅིག”གིས་རོགས་སྐྱོར་མཉམ་ལས་བྱེད་ཐབས་སྤྱད་པ་བརྒྱུད། ཞིང་ཆེན་རིམ་པའི་སྨན་ཁང་དང“ཀྲོའུ་གཉིས་རྫོང་གཅིག”གི་རྫོང་རིམ་པའི་སྨན་ཁང་དུ་ཚགས་ཚུད་ཅན་གྱི་གོང་འོག་མཉམ་འགུལ་ལམ་སྲོལ་འཛུགས་ནས་གཞི་རྩའི་སྨན་བཅོས་ཞབས་ཞུ་གཅིག་གྱུར་ཡོང་བ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།