འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རང་བརྟེན་གསར་བཟོ་བྱས་པའི་ཆེས་སྔོན་ཐོན་གྱི་ཆུར་འཛུལ་ཡོ་བྱད་ཆུ་ནང་
    དུ་ཐོག་མར་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་21ཉིན། 12:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱིས་རང་བརྟེན་གསར་བཟོ་བྱས་པའི་ཆེས་སྔོན་ཐོན་གྱི་ཆུར་འཛུལ་ཡོ་བྱད“དིམ་འབྲུག་ཨང་གསུམ་པ”ཚེས་20ཉིན་གྱི་ཐོ་རེངས་སུ་ལྷོ་རྒྱ་མཚོར་ཐེངས་དང་པོ་བཏང་བ་སྔོན་དཔག་བྱས་ན་གཏིང་ཚད་རྒྱ་མཚོའི་འཇིངས་སུ་སྨི་3900ཟིན་གྱི་ཡོད།
        “རྒྱ་མཚོ་ཆེ་མོ་རྟགས་ཅན་ཨང་དང་པོ”གྲུ་གཟིངས་ཀྱི་ཕྱོགས་བསྡུས་རྒྱ་མཚོའི་ཚོད་ལྟའི་མཚོ་འགྲུལ་Bདུམ་བུའི་ཚན་རིག་རྟོག་ཞིབ་རུ་མིས་ཚེས་19ཉིན“དིམ་འབྲུག་ཨང་གསུམ་པ”ལ་སྒྲིག་སྦྱོར་གྱི་སྙོམ་སྒྲིག་ཚོད་ལྟ་བྱས་ནས་ཆུར་འཛུལ་ཡོ་བྱད་ཆུར་མ་བཏང་གོང་གི་འབྲེལ་ཡོད་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་པ་རེད།
        རྒྱ་མཚོ་ཆེ་མོའི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་རྒྱ་མཚོར་ཚན་རིག་རྟོག་ཞིབ་བྱེད་པའི་དགོས་མཁོ་སྐོང་ཆེད། 2016ལོའི་ཟླ་9པར་ཀྲུང་གོ་རྒྱ་མཚོའི་མཐུན་ཚོགས་ཀྱིས་ཀྲུང་གོ་ཚན་རིག་ཁང་ཧྲེན་དབྱང་རང་འགུལ་ཅན་ཞིབ་འཇུག་ཁང་དང་རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱི་རྒྱ་མཚོའི་ཞིབ་འཇུག་ཁང་གཉིས་པའི་དབར“དིམ་འབྲུག་ཨང་གསུམ་པ”གཏིང་ཚད་སྨི་4500འཛུལ་ཐུབ་པའི་རང་བརྟེན་གསར་བཟོའི་ཆུར་འཛུལ་ཡོ་བྱད་བཟོ་བའི་གན་རྒྱར་མིང་རྟགས་བཀོད་པས་ཞིབ་འཇུག་བྱས་ནས་བཟོ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།