འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཏི་ཡ་སི་ཁཱ་ནཱ་ཁུ་པའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཏི་ཡ་སི་ཁཱ་ནཱ་ཁུ་པའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ།
         མི་དམངས་དྲ་བའི་འཕྲིན། ཁུ་པའི་སྐབས་དགུ་པའི་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མི་ཚོགས་པས་ཚེས་19ཉིན་ཏི་ཡ་སི་ཁཱ་ནཱ་ཁུ་པའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་ཡོད་པ་ཁྱབ་བསྒྲགས་བྱས་པ་རེད།
         ཁུ་པའི་སྐབས་དགུ་བའི་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་ཚོགས་སུ་ཚོགས་ཞུགས་འཐུས་མི་604མིང་ཐོ་མི་བཀོད་ནས་འདེམས་ཤོག་འཕངས་ཏེ། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞུ་གཞོན་པ་ཨང་དང་པོ། མི་31གིས་གྲུབ་པའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་ཨུ་ཡོན་འདེམས་བསྐོ་བྱས་པ་རེད། རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་ཚོགས་ཀྱིས་ཚེས་19ཉིན་འདེམས་ཤོག་འཕངས་པའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཨང་དང་པོ་གཅིག་ལྕོགས་བཞེས་པའི་ཏི་ཡ་སི་ཁཱ་ནར་ལ་འདེམས་ཤོག་603ཐོབ་ཡོད་པ་དང་། ཁུ་པའི་སྐབས་གསར་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་འགན་བཞེས་པ་རེད། 
    ༄༅།།ཏི་ཡ་སི་ཁཱ་ནཱ་ཁུ་པའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ།
      

    ཕྱོགས་བསྡུས་གསར་འགྱུར།