འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཆུ་འོག་གནའ་རྫས་རྟོག་ཞིབ་མཚོ་འཇིངས་སུ་བྱེད་པའི“སྟོང་ཆ”ཐོག་མར་
    གསབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         གསར་འགོད་པས་ཚེས་18ཉིན་ཀྲུང་གོའི་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པ་ལྟར་ན། ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས“རྒྱལ་ཁབ་བརྒྱའི་ཐོན་ཟོག་ཁྲི་ཀྲུང་གོར་སྐྱོད་པའི་བྱ་སྤྱོད”སོགས་བྱ་སྤྱོད་ཆེ་གྲས་དྲུག་ལག་བསྟར་བྱས་ཏེ་རང་རྒྱལ་གྱི་ཕྱིར་གཏོང་དང་ནང་འདྲེན་གྱི་ཚོང་དོན་དང་ཕྱོགས་གཉིས་མ་འཇོག་ལ་སྐུལ་མ་གཏོང་རྒྱུ་དང་ཚོང་དོན་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུར་རམ་འདེགས་བྱ་རྒྱུ་རེད།
         “ནང་འདྲེན་བྱེད་ཚད་ཆེ་རུ་གཏོང་རྒྱུ་ནི་རང་རྒྱལ་གྱིས་ཚོང་དོན་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུར་སྐུལ་མ་གཏོང་བའི་ཕྱོགས་གལ་ཆེན་ཞིག་ཡིན”ཞེས་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཚོང་དོན་མ་འཇོག་སྐུལ་སྤེལ་པུའི་པུའུ་ཀྲང་ཧྥེང་ཡའོ་ཞང་གིས་དེ་ཉིན་པེ་ཅིང་དུ་འཚོགས་པའི་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཟླ་འཁོར་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་བརྗོད་ཅིང་། ཁོང་གིས་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ལོ་3གྱི་ནང་གཙོ་གནད་ཐོག་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་100ཡི་ནང་འདྲེན་ཚོང་ཟོག་སྣ་ཁ་ཁྲི་ལྷག་དང་ལྷག་པར་དུ་སྔོན་ཐོན་ལག་རྩལ་གྱི་སྒྲིག་བཀོད་དང་། འགག་རྩའི་ལྷུ་ལག འཛད་སྤྱོད་དངོས་ཟོག་སྤུས་ལེགས་སོགས་ནང་འདྲེན་ཚོང་ཟོག་མང་དུ་གཏོང་རྒྱུར་འོས་སྦྱོར་བྱ་རྒྱུ་ཡིན་ཞེས་བཤད།
         ད་ལོའི་བཀོད་སྒྲིག་ལ་གཞིགས་ནས་ཧྥེང་ཡའོ་ཞང་གིས། ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཧྲེན་ཀྲེན་གྱི་སྤུས་རྟགས་གཟའ་འཁོར་དང་ཀྲུང་གོའི་ཁུང་ཧྲན་སྤུས་རྟགས་ཐོན་ཟོག་ནང་འདྲེན་ཉོ་ཚོང་འདུ་ཚོགས་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་སྲིད་ཇུས་སྒྲོག་འགྲེལ་དང་སྤུས་རྟགས་འོས་སྦྱོར་སོགས་ལེ་ལག་ཚང་བའི་བྱེད་སྒོ་གཉེར་རྒྱུ་རེད། གཞན་ཡང་། ཁེ་ལས་ཀྱི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཕྱི་རྒྱལ་དུ་བསྐྱོད་ནས་མཉམ་དུ་ཉོ་སྒྲུབ་བྱ་རྒྱུ་དང་། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་སྒྲིག་འཛུགས་ཀྱིས་སྦྲེལ་མཐུད་གྲོས་མོལ་ཡང་བྱ་རྒྱུ་རེད་ཅེས་བཤད།
         ཧྥེང་ཡའོ་ཞང་གིས། “རྒྱལ་ཁབ་བརྒྱའི་ཐོན་ཟོག་ཁྲི་ཀྲུང་གོར་འགྲེམ་པའི་བྱ་སྤྱོད”ཕུད་གཞན་ཡང་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ད་དུང་བྱ་སྤྱོད་ཆེ་གྲས་ལྔ་ལག་བསྟར་བྱས་ནས་དུས་སྐབས་གསར་པའི་ཚོང་དོན་མ་འཇོག་སྐུལ་སྤེལ་ལས་དོན་ལ་སྐུལ་མ་སྔར་བས་ཡག་པོ་གཏོང་རྒྱུ་ཡིན་ཞེས་བརྗོད།
        ཞིབ་པར་བལྟས་ན། ཕྱིར་གཏོང་ལ་སྐུལ་མ་གཏོང་བའི་ཐད། ཕྱི་ཕྱོགས་ཚོང་དོན་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་ལ་གཞིགས་ནས“ཀྲུང་གོའི་སྤུས་རྟགས་ཕྱི་ཁོངས་སུ་ཁྱབ་པའི”བྱ་སྤྱོད་འདོན་རྒྱུ་དང་། ཚོང་དོན་སྐུལ་སྤེལ་ལ་ཞབས་ཞུ་བྱེད་པའི་ཐད། “ཀྲུང་གོའི་ཞབས་ཞུ་གོ་ལ་ཧྲིལ་པོར་ཕྱོགས་པའི”བྱ་སྤྱོད་འདོན་རྒྱུ། ཕྱི་ཕྱོགས་མ་འཇོག་སྐུལ་གཏོང་གི་ཐད། ཕྱི་ཕྱོགས་མ་འཇོག་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་ཁྲིད་སྟོན་བྱེད་པ་དེ་དམིགས་ཚད་གཙོ་བོར་བྱས་ནས“ཀྲུང་གོའི་ཁེ་ལས་ཕྱིར་སྐྱོད་པའི་20+20ཡི་འཆར་གཞི”ལག་བསྟར་བྱ་རྒྱུ། ཕྱི་ཕྱོགས་ཀྱི་མ་དངུལ་ནང་འདྲེན་གྱི་སྐུལ་གཏོང་ཐད། ཕྱི་ཕྱོགས་ཀྱི་མ་དངུལ་བརྟན་པོའི་ངང་འཕར་རྒྱུར་སྐུལ་གཏོང་དང་བེད་སྤྱོད་ལ་གཞིགས་ནས“མ་འཇོག་ཀྲུང་གོའི”བྱ་སྤྱོད་ཀྱི་འཆར་གཞི་ལག་བསྟར་བྱ་རྒྱུ། ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་ཐད། ཁེ་ལས་འབྲིང་ཆུང་གི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མཐོར་གཏོང་འཆར་གཞི་ལག་བསྟར་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།