འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ལོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་བརྒྱ་ཐོན་སྐྱེད་ཐུབ་པའི་རྡོ་གཡམ་སོལ་རླངས་
    ཐོན་ནུས་རྟེན་གཞི་དངོས་སུ་སྒོ་བྱང་བཀལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་དང་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གིས་ཚེས་18ཉིན་ཁྲུང་ཆིང་དུ་ཕུའུ་ལིང་རྡོ་གཡམ་རླངས་ཞིང་གི་ལོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་བརྒྱ་ཐོན་སྐྱེད་ཐུབ་པའི་ཐོན་ནུས་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་མཉམ་འབྲེལ་ཐོག་འཚོགས་པ་དེ་ཐོག་ནས་རང་རྒྱལ་གྱི་རྡོ་གཡམ་རླངས་ཞིང་ཆེ་གྲས་ཐོག་མ——ཕུའུ་ལིང་རྡོ་གཡམ་རླངས་ཞིང་གིས་ལོར་ཐོན་ནུས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་100ཟིན་པ་དུས་བཀག་ལྟར་བསྐྲུན་པ་མཚོན་ཡོད།
         མིག་སྔའི་བར་ཕུའུ་ལིང་རྡོ་གཡམ་རླངས་ཞིང་གིས་རིམ་རྩིས་བྱས་ན་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་170ལྷག་ཙམ་དང་སོལ་རླངས་འཚོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་165ཟིན་ཡོད། 2017ལོར་རླངས་ཞིང་དེས་ཉིན་རེར་རྡོ་གཡམ་སོལ་རླངས་ཕྱིར་ཚོང་བྱེད་ཚད་མཐོ་ཤོས་ལ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་1670ཟིན་ནས་ཉིན་ལྟར་དུད་ཚང་ཁྲི་3340ཡི་གྲོང་མིའི་འཚོ་བའི་རླངས་སྤྱོད་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོ་ནས་བཟུང་ཕུའུ་ལིང་རྡོ་གཡམ་སོལ་རླངས་ཁྲོན་རླངས་ཤར་འདྲེན་གྱི་མདོང་ལམ་བརྒྱུད་ཀྲུང་ཧྭའི་དབུས་རྒྱུད་དང་ཀྲུང་ཧྭའི་ཤར་རྒྱུད་སོགས་སུ་རྒྱུན་མི་ཆད་པར་དྲངས་ཏེ་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ལ་ནུས་རྒྱུ་གཙང་མ་མཁོ་འདོན་བྱས་པ་དེ་ཞིང་ཆེན་6དང་། གྲོང་ཁྱེར་2 གྲོང་ཁྱེར་ཆེ་འབྲིང་70ལྷག་ཙམ་ལ་ཕན་པ་ཐོབ་པ་དང་ཁེ་ལས་སྟོང་ཕྲག་ལྷག་ཙམ་དང་གྲོང་མི་དུང་ཕྱུར་2ལྷག་ཙམ་ལ་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།