འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི“གློག་འདོན་ཤེལ་ཀོ”ཐོན་སྐྱེད་འཁོར་ཁང་དང་པོ་ཁྲེང་
    ཏུའུ་རུ་གཉེར་སྐྱོང་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་8རིང་ཞིབ་སྤེལ་བྱས་པ་བརྒྱུད། རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི“གློག་འདོན་ཤེལ་ཀོ”ཐོན་སྐྱེད་འཁོར་ཁང་དང་པོ་ཚེས་17ཉིན་ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཆུས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་སླེབས་པའི་ཐོན་སྐྱེད་བྱ་ཡུལ་འདི་ནས་གཅིག་རྐྱང་ལ་སྨི་ངོས་གྲུ་1.92ཟིན་པའི་ཐེལ་འགྱུར་ཀོ་སྐྱི་སྲབ“གློག་འདོན་ཤེལ་ཀོ”འོད་ཤུགས་ལྷུ་ལག་ཐོན་སྐྱེད་ཐུབ་ཀྱི་ཡོད། ལས་རིགས་ནང་ཁུལ་དུ་ཐེལ་འགྱུར་ཀོ་ཉི་འོད་ནུས་པའི“གློག་འདོན་ཤེལ་ཀོར”ཟེར་གཅོག་ནུས་ཡག་པ་དང་ཨར་སྐྲུན་གྱང་ལྡེབས་སུ་སྤྱོད་ཆོག་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་འོད་ཤུགས་བསྐྲུན་དངོས་གཞི་གཅིག་ཅན་དང་དམག་དམངས་མཉམ་འདྲེས་ཐོན་ལས་སོགས་ཁྱབ་ཁོངས་སུ་བཀོལ་སྤྱོད་ཀྱི་མདུན་ལམ་ཡངས་པོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།