འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲུའུ་ཅི་དང་པོས་ཞིང་གསུམ་སློབ་སྦྱོང་བྱས་ཏེ་གྲོང་གསེབ་དར་རྒྱས་དང་གནད་སྨིན་སྦྲེལ་
    མཐུད་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚན་ཁག་ལ་དམ་འཛིན་དང་། དཔུང་ཁག་འཁྲིད་པ། ཏང་འཛུགས་སྐྱོང་ལ་དམ་འཛིན། དབུལ་སྒྲོལ་ལ་སྐུལ་འདེད་བཅས་ཀྱི་ཧྲུའུ་ཅི་དང་པོའི་འཇོན་ཐང་ལེགས་སུ་དང་ཆེ་རུ་གཏོང་ཆེད། ཟླ་4པ་ནས་བཟུང་ཧྲན་ཏུང་ཝུའུ་ལིས་རྫོང་གིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་ཧྲུའུ་ཅི་དང་པོའི་ཁྲོད་ཧྲུའུ་ཅི་དང་པོས“ཞིང་གསུམ་སློབ་སྦྱོང་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི”བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་རེད། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་བྱས་པ་བརྒྱུད་བསམ་བློར་དྲག་ཆས་སྤྲོས་པ་དང་བྱང་ཚད་མཐོ་རུ་གཏོང་བ་དང་། ལས་ཀའི་ལག་ལེན་བརྒྱུད་ཉམས་མྱོང་གསོག་པ་དང་ཤེས་བྱ་འཕེལ་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་གནད་སྨིན་སྦྲེལ་མཐུད་བྱེད་པ་བཅས་ཀྱི་སྒོ་ནས་གྲོང་གསེབ་ལ་དགའ་ཞེན་དང་། ཞིང་པར་དགའ་ཞེན། ཞིང་ལས་ཤེས་པ་བཅས་ཀྱི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་ནུས་ལྡན་བྱས་ཏེ་ཡུལ་དེ་གར་འགྲན་སློབ་སྙེག་རོགས་བཞིའི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།