འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་ཁྲིམས་ཁང་གིས་རིག་དངོས་ལ་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་
    ནས་རིག་དངོས་དང་འབྲེལ་བའི་གྱོད་གཞི་འདྲི་ཞིབ་འོས་འཚམ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་18ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱས་པར། མི་དམངས་ཁྲིམས་ཁང་གིས་རིག་དངོས་ལ་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རིག་དངོས་དང་འབྲེལ་བའི་གྱོད་གཞི་སྣ་ཚོགས་ཁྲིམས་ལྟར་འདྲི་ཞིབ་འོས་འཚམ་བྱས་ཏེ་རིག་དངོས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་ཆད་གཅོད་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།
         ཉིན་ཤས་གོང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་རིག་དངོས་ཅུས་དང་《ཁྲིམས་འཛིན་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་རིག་དངོས་ལ་ཁྲིམས་འཛིན་སྲུང་སྐྱོང་དང་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྒྲོམ་གཞིའི་གྲོས་མཐུན་》བཞག་ཅིང་། དེའི་དམིགས་ཡུལ་ནི་ཁྲིམས་འཛིན་དང་རིག་དངོས་མཉམ་སྐྱོང་མཉམ་བཅོས་མཉམ་རོལ་གྱི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་རིག་དངོས་ཐད་ཁྲིམས་འཛིན་སྲུང་སྐྱོང་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དེ་རེད།
         ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་འགན་ཁུར་བས་མི་དམངས་ཁྲིམས་ཁང་གིས་རིག་དངོས་རྐུ་འཕྲོག་དང་། རྐུ་འདོན། གཏོར་བཤིག ལོག་ཚོང་། ལྐོག་ཚོང་བཅས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་ཆད་པ་ནན་པོ་བཅད་དེ་རྒྱལ་སྤྱིའི་དབར་ཁྲིམས་འཛིན་མཉམ་ལས་ཧུར་ཐག་བྱས་ནས་ཕྱི་རྒྱལ་དུ་གྱར་བའི་རང་རྒྱལ་གྱི་རིག་དངོས་འདེད་ལེན་ཧུར་ཐག་བྱ་རྒྱུ་དང་། རིག་དངོས་ཀྱི་སྲིད་འཛིན་ཁྲིམས་སྐྱོང་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྱོད་དཔེའི་ཐོག་ནས་ཁྲིམས་འགྲེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། རིག་དངོས་དང་འབྲེལ་བའི་གྱོད་གཞི་སྣ་ཚོགས་ཀྱི་ཁྲིམས་འཛིན་གྲངས་གཞི་ཆེན་པོར་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་འབྲེལ་ཡོད་ཁྲིམས་འཛིན་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་བསམ་འཆར་དང་གྲོས་འགོ་བཏོན་ནས་རིག་དངོས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་ཆད་གཅོད་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།