འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་འགན་ལེན་ལས་དོན་ལ་དཔྱད་ཞིབ་
    བྱེད་ཐབས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་《མཚོ་སྔོན་གྱི་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་འགན་ལེན་ལས་དོན་ལ་དཔྱད་ཞིབ་བྱེད་ཐབས་》(མཚོ་སྔོན་སྲིད་གཞུང་གཞུང་དོན་ཐིང〔2018〕ཨང་44)བཀྲམ་པ་རེད། དེའི་ནང་གྲོང་ཁྱེར་དང་ཀྲོའུ་སྲིད་གཞུང་ཁག་ལ་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་འགན་ལེན་ལས་དོན་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་ཏེ་ཞིང་པ་ལས་མིའི་ངལ་རྩོལ་ཐོབ་ཆའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་དང་2020ལོར་སྤྱིར་ན་འགྱངས་ཆད་ཀྱི་གནས་ཚུལ་མེད་པའི་ལས་དོན་གྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ནས་2020ལོ་བར་ལོ་འཁོར་རེར་དཔྱད་ཞིབ་ཐེངས་རེ་བྱ་རྒྱུ་དང་ཞིང་ཆེན་གྱི་ཁེ་ལས་ཀྱི་གླ་ཕོགས་འགྱངས་ཆད་གནད་དོན་ཐག་གཅོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ལག་བསྟར་བྱེད་འགན་ཁུར་རྒྱུ་རེད། དཔྱད་ཞིབ་བྱེད་རིང་གྲོང་ཁྱེར་དང་ཀྲོའུ་སྲིད་གཞུང་ཁག་གི་བྱེད་པོའི་འགན་འཁྲི་གཙོ་བོ་འབུར་དུ་ཐོན་པ་བྱས་ཏེ་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་འགན་ལེན་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་གང་བརྒྱབ་མིན་དང་། གླ་ཕོགས་གཏོང་སྤྲོད་འགན་ལེན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གང་བཏང་མིན། གླ་ཕོགས་འགྱངས་ཆད་དང་ལྷག་པར་དུ་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གླ་ཕོགས་ཆད་འགྱངས་ཀྱི་གནད་དོན་བཅོས་སྒྲིག་བྱས་པར་ཕན་འབྲས་གང་ཐོན་མིན་སོགས་ཀྱི་གནས་ཚུལ་གཙོ་བོར་བཟུང་ནས་དཔྱད་ཞིབ་བྱ་རྒྱུ་རེད། གྲོང་ཁྱེར་དང་ཀྲོའུ་རིམ་པའི་རང་བཤེར་དང་། ས་གནས་ས་ཐོག་གི་ཞིབ་བསྡུར། ཕྱོགས་བསྡུས་དཔྱད་མོལ་བཅས་ཀྱི་གོམ་སྟབས་གཞིར་བཟུང་། སྙན་ཞུ་ཉན་པ་དང་། ཟུར་འཐེན་བརྟག་དཔྱད་བྱེད་པ། དཔྱད་གཞིའི་ཡིག་རིགས་ཞིབ་བསྡུར་བྱེད་པ། མངོན་བཤེར་ལྐོག་ཞིབ་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་ནས་དཔྱད་ཞིབ་བྱ་རྒྱུ་དང་འབྲེལ་ཕྱོགས་བསྡུས་བཅོས་སྐྱོང་དང་། སྤྱི་བདེ། ཡིག་འབུལ་ངོ་བཅར་སོགས་སྡེ་ཚན་གྱིས་ཁོང་དུ་ཆུད་པའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་དཔྱད་ཞིབ་དཔྱད་མོལ་ཡང་བྱ་རྒྱུ་རེད།
         དཔྱད་ཞིབ་བྱེད་རིང་། བརྒྱ་ཆ་བསྐོར་སྟངས་སྤྱོད་རྒྱུ་དང་འབྲེལ་A、B、Cརིམ་པ་གསུམ་ལ་འབྱེད་རྒྱུ་རེད། ལམ་སྲོལ་འཐུས་སྒོ་ཚང་བ་དང་། གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་ཚང་མ་ཐག་གཅོད་བྱུང་བ། དཔྱད་ཞིབ་བྱས་པའི་ཐོབ་སྐར་ཞིང་ཆེན་དེ་ཡོངས་ཀྱི་དང་པོ་གཉིས་པ་ཡིན་པ་གཉིས་ནི་Aརིམ་པ་དང་། ཞིང་པ་ལས་མིར་འགན་ལེན་བྱེད་པའི་ལས་དོན་ཡག་པོ་སྤེལ་ཐུབ་མེད་པ་དང་། ཕན་འབྲས་མངོན་གསལ་དོད་པོ་མེད་པ། གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་མངོན་གསལ་དོད་པ། དཔྱད་ཞིབ་བྱས་པའི་ཐོབ་སྐར་ཞིང་ཆེན་དེ་ཡོངས་ཀྱི་མཐའ་མཇུག་གཉིས་ཡིན་པ་ནི་Cརིམ་པ། A、Cགཉིས་ཕུད་པ་ནི་Bརིམ་པ་བཅས་རེད། དཔྱད་ཞིབ་གྲུབ་འབྲས་དེ་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་དང་འབྲེལ། ཞིང་ཆེན་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་འགོ་ཁྲིད་ཚོགས་ཆུང་གིས་གྲོང་ཁྱེར་དང་ཀྲོའུ་ཁག་ལ་བརྡ་ཁྱབ་བྱ་རྒྱུ་དང་དེ་ནས་ཞིང་ཨུད་རྩ་འཛུགས་པུར་བཤུ་སྐྱེལ་བྱས་ཏེ། གྲོང་ཁྱེར་དང་ཀྲོའུ་ཁག་གི་འགོ་ཁྲིད་ཚན་ཁག་དང་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པར་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་བྱེད་སྐབས་ཀྱི་གཞི་འཛིན་ས་བྱ་རྒྱུ་རེད། དཔྱད་ཞིབ་བྱས་པ་བརྒྱུད་Cརིམ་པ་འཁོད་པར་ཞིང་ཆེན་གྱི་ཁེ་ལས་ཀྱི་གླ་ཕོགས་འགྱངས་ཆད་གནད་དོན་ཐག་གཅོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་གྲོང་ཁྱེར་དང་ཀྲོའུ་སྲིད་གཞུང་དེའི་འབྲེལ་ཡོད་འགན་འཁུར་བ་སྐོང་འདྲི་བྱ་རྒྱུ་རེད། སྐོང་འདྲི་བྱ་ཡུལ་གྲོང་ཁྱེར་དང་ཀྲོའུ་སྲིད་གཞུང་གིས་གཟའ་འཁོར་གཉིས་ནང་དག་ཐེར་བྱེད་ཐབས་བཟོ་དགོས་པ་དང་འབྲེལ་ཡིག་ཐོག་སྙན་ཞུའང་འབུལ་དགོས་ཀྱི་ཡོད། ཞིང་ཆེན་གྱི་ཁེ་ལས་ཀྱི་གླ་ཕོགས་འགྱངས་ཆད་གནད་དོན་ཐག་གཅོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།