འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་14733ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱིས་རྣམ་པ་མི་འདྲ་བ་དང་། རིམ་པ་མི་འདྲ་བའི་སྲུང་སྐྱོང་ཁུལ་ཁྱོན་2750བསྐྲུན་པར་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་14733ཙམ་ཟིན་པ་དེས་རྒྱལ་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་གྱི་14.88%བཟུང་བ་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་469ཡོད་པ་རེད། ཀྲུང་གོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་ནང་སྤྱི་ཆིང་ཁྲི་3500ཟིན་པའི་རང་བྱུང་ནགས་ཚལ་དང་སྤྱི་ཆིང་ཁྲི་2000ཟིན་པའི་རང་བྱུང་འདམ་ར་ཡོད་པས་སྐམ་སའི་སྣོད་བཅུད་མ་ལག་90.5%དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་85% རིམ་པ་མཐོ་བའི་རྩི་ཤིང་ཁྱུ་ཚོགས་65%བཅས་ལ་སྲུང་སྐྱོང་བྱེད་པ་མ་ཟད། གཙོ་གནད་སྲུང་སྐྱོང་བྱ་ཡུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་300ལྷག་དང་གཙོ་གནད་སྲུང་སྐྱོང་བྱ་ཡུལ་གྱི་རི་སྐྱེས་རྩི་ཤིང་130ལྷག་ལའང་སྲུང་སྐྱོང་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།