འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་སྦྱོང་སློབ་མ་རང་རྒྱལ་དུ་ལོག་པའི་ཞབས་ཞུ་མྱུར་བགྲོད་ལམ་བུའི་ཐོག་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མི་སྤྱི་པུའུ་ནས་ཤེས་རྟོགས་བྱས་པར། 2017ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཕྱི་སྦྱོང་སློབ་མའི་ལས་གཏོད་གླིང་351ཟིན་པ་དེ་2016ལོ་ལས་4མང་དུ་སོང་བ་དེའི་ནང་ཞིང་ཆེན་དང་པུའུ་ཡིས་ལས་གཏོད་གླིང་49མཉམ་སྐྲུན་བྱས་པ་དང་། ལས་གཏོད་གླིང་ནང་ཞུགས་མཁན་ཁེ་ལས་ཁྲི་2.3ཟིན་པ་དང་། རྒྱལ་ནང་དུ་ལོག་པའི་ཕྱི་སྦྱོང་སློབ་མ་ཁྲི་8.6གིས་ལས་གཏོད་གླིང་དུ་ལས་གཏོད་བྱས་པ་དེ་2016ལོ་དང་བསྡུར་ན་མི་ཁྲི་0.7འཕར་ཡོད་པ་རེད། 2017ལོའི་ལག་རྩལ་དང་། བཟོ་ལས། ཚོང་དོན་བཅས་ཀྱི་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་3227ཟིན་པ་དེ་2016ལོ་ལས་སྒོར་དུང་ཕྱུར་736འཕར་བ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱི་སྦྱོང་སློབ་མ་རྒྱལ་ནང་དུ་ལོག་པའི་མི་གྲངས་མང་དུ་འགྲོ་བ་དང་བསྟུན་ནས། རིམ་རྩིས་ལྟར་ན། ཕྱི་སྦྱོང་སློབ་མ་ཁྲི་231.36སྦྱངས་འབྲས་མཐར་ཕྱིན་ནས་རྒྱལ་ནང་དུ་ལོག་པ་དེས་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་རང་རྒྱལ་དུ་ལོག་པའི་མི་གྲངས་བསྡོམས་འབོར་གྱི་73.87%བཟུང་ཡོད།
         མི་སྤྱི་པུའི་འབྲེལ་ཡོད་འགན་འཁུར་བས་ཕྱི་སྦྱོང་སློབ་མ་རང་རྒྱལ་དུ་ལོག་མཁན་གྱི་ལས་གཏོད་གསར་གཏོད་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ལས་སྟེགས་བཏོད་པ་དང་། བྱེད་སྒོ་སྤེལ་བ། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་བཅས་བྱས་པ་བརྒྱུད། ཕྱི་སྦྱོང་སློབ་མ་རང་རྒྱལ་དུ་ལོག་ནས་ལས་གཏོད་གསར་གཏོད་བྱེད་རྒྱུར་སྟབས་བདེ་བསྐྲུན་ཡོད་ཅེས་བཤད། 2017ལོར་མི་སྤྱི་པུས་གསར་གཏོད་ལས་གཏོད་བྱེད་པའི་རྒྱབ་སྐྱོར་འཆར་གཞི་དང་། ཕྱིར་སྡོད་བུ་ཕྲུག་གིས་རྒྱལ་ཁབ་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི་བྱ་སྤྱོད་ཀྱི་འཆར་གཞི་སོགས་ཀྱི་ཤེས་ལྡན་མི་སྣའི་རྣམ་གྲངས་བཀོད་སྒྲིག་དང་ལག་བསྟར་བྱས་ཏེ་རྣམ་གྲངས་དང་། དཔུང་ཁག་གམ་མི་སྒེར་172འདེམས་སྒྲུག་་བྱས་པར་རོགས་སྐྱོར་མ་དངུལ་སྒོར་ཁྲི་2847བཏང་བ་རེད། རྒྱལ་ཡོངས་མི་སྤྱི་ཁོངས་གཏོགས་ཀྱིས་རིགས་ཁག་གི་ཕྱིར་སྡོད་ཤེས་ལྡན་མི་སྣ་རང་རྒྱལ་དུ་ལོག(ཀྲུང་གོར་ཡོང་བ)ནས་ཞབས་ཞུ་བྱེད་ཚད་མི་ཐེངས་ཁྲི་4.3ཟིན་པ་དང་། རྣམ་གྲངས་ཁྲི་3.3ཤེས་ལྡན་མི་སྣ་དང་མ་དངུལ་དང་འབྲེལ་མཐུད་ཐུབ་ཡོད། རྒྱལ་ཁབ་ཀྱི“མི་སྟོང་གི་འཆར་གཞི”ཞབས་ཞུའི་སྐར་ཁུང་དུ་མི་ཐེངས་900ལྷག་ཙམ་ལ་ཐོངས་མཆན་དང་། གནས་སྡོད། གཞིས་ཆགས་པ་སོགས་ཀྱི་འགྲོ་ལུགས་གཉེར་ཡོད་པ་དང་། མི་ཐེངས་2500ལྷག་ཙམ་ལ་བློ་འདྲིའི་ཞབས་འདེགས་ཞུས་ཡོད་པ་རེད། ཀྲུང་གོའི་ཕྱི་སྦྱོང་སློབ་མ་རང་རྒྱལ་དུ་ལོག་ནས་ཞབས་འདེགས་ཞུ་བའི་མནའ་འབྲེལ་ཁོངས་མིའི་ཚན་པའི་བསྡོམས་འབོར་117ཟིན་པ་དང་ཀྲུང་གོའི་ཕྱི་སྦྱོང་སློབ་མ་རང་རྒྱལ་དུ་ལོག་པའི་ལས་གཏོད་རིགས་གཅིག་མཁས་ཅན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ལས་གཏོད་སློབ་དཔོན་ཁྱོན་53ཟིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།