འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དམག་སྒར་དུ་བསྐྱོད་དེ་རྒྱལ་སྲུང་སློབ་གསོ་མྱོང་རོལ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་4ཚེས་17ཉིན་དྲག་ཆས་ཉེན་རྟོག་ཨན་ཧུའེ་སྤྱི་ཁྱབ་རུ་ཁག་ཧོ་ཧྥེ་ཉིང་ལག་རུ་ཁག་གིས་ཧོ་ཧྥེ་གྲོང་ཁྱེར་ནན་མོན་སློབ་ཆུང་ཧའེ་ཧེང་ཡན་ལག་སློབ་གྲྭ་དང་མཉམ་འབྲེལ་ཐོག“དམག་སྒར་དུ་བསྐྱོད་དེ་རྒྱལ་སྲུང་སློབ་གསོ་མྱོང་རོལ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དམག་སྒར་གྱི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། དགེ་སློབ་ཀྱི་འཐུས་མི་40ལྷག་ཙམ་གྱིས་དམར་སྒར་དུ་བསྐྱོད་དེ་དམག་དོན་སྒྲིག་ཆས་ལ་ལྟ་སྐོར་དང་། དམག་དོན་སྦྱོང་བརྡར་ལྟ་སྦྱོང་། གོ་མཚོན་དང་སྒྲིག་ཆས་ཤེས་རྟོགས་བཅས་བྱས་ཏེ་དམག་སྒར་གྱི་འཚོ་བ་ཉམས་སུ་མྱངས་བ་དང་། རྒྱལ་སྲུང་སློབ་གསོ་ཤེས་རྟོགས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།