འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྒྱ་མཚོའི་ངར་ལྕགས་གྲུབ་ཆའི་སྤྱོད་འབོར་ཏུན་ཁྲི་ཚོ་སྟོང་ལས་བརྒལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་2018ལོའི་ཀྲུང་གོའི་ངར་ལྕགས་གྲུབ་ཆའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཧའེ་ནན་གྱི་ཁྲེང་མའེ་རུ་འཚོགས་པ་དང་། ཀྲུང་གོའི་བཟོ་སྐྲུན་སློབ་གླིང་གི་ཡོན་ཧྲི་14དང་དེ་བཞིན་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། ཁེ་ལས་མཁས་ཅན་120ལྷག་ཙམ་དང་། འབྲེལ་ཡོད་སྲིད་གཞུང་གི་སྡེ་ཚན་དང་ལས་སྒོའི་ཁོངས་ཀྱི་ལས་གཉེར་བ་བཅས་ཀྱིས་“རྒྱུད་གཅིག་ལམ་གཅིག”དང“རྒྱ་མཚོའི་དཔལ་འབྱོར”གྱི་འཕེལ་རྒྱས་འཐབ་ཇུས་དང་ཟུང་འབྲེལ་བྱས་ནས་རྒྱ་མཚོའི་ངར་ལྕགས་གྲུབ་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རྒྱ་མཚོའི་བཟོ་སྐྲུན་གྲུབ་ཆ་དང་ལྷག་དོན་དུ་ངར་ལྕགས་གྲུབ་ཆའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་ལག་རྩལ་གྱི་འཇུར་མིག་གནད་དོན་དང་། རང་རྒྱལ་གྱི་རྒྱ་མཚོའི་བཟོ་སྐྲུན་འཕེལ་རྒྱས་སྐོར་ལ་གྲོས་བསྡུར་ཟབ་མོ་ཞིག་བྱས་པ་རེད།
         ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲོའུ་ཞུས་ཧུང་གིས་རང་རྒྱལ་ཉིད་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེན་པོ་ཨང་གཉིས་པ་དང་བཟོ་ལས་རྒྱལ་ཁབ་ཆེན་པོ་ཨང་དང་པོ་ཡིན་ལ། ངར་ལྕགས་ཐོན་འབོར་གྱིས་གོ་ལ་ཧྲིལ་པོའི་ངར་ལྕགས་ཐོན་འབོར་གྱི་ཕྱེད་ཀ་བཟུང་ཡོད་ཅེས་བརྗོད། ད་ཆ་རང་རྒྱལ་གྱི་ངར་ལྕགས་ཐོན་འབོར་ཏུན་ཁྲི་6000ལས་བརྒལ་ནས་མིང་དོན་མཚུངས་པའི་ངར་ལྕགས་གྲུབ་ཆའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ནའང་། ངར་ལྕགས་གྲུབ་ཆའི་ཐོན་ནུས་ཆ་སྙོམས་བེད་སྤྱོད་ཚད་60%ནས་70%བར་ཡིན་པ་དང་། ཐོན་སྐྱེད་བྱེད་ནུས་ཆེ་དྲགས་པ་དང་ཐོན་ནུས་གཞན་སྒྱུར་སོགས་ཀྱི་གནད་དོན་སྔར་བཞིན་ལྷག་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།