འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལོ་ལྔའི་སྐོར་གཟིགས་ལས་དོན་འཆར་འགོད་པར་འགྲེམས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་《ཀྲུང་གུང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་སྐོར་གཟིགས་ལས་དོན་འཆར་འགོད(2018ལོ—2022ལོ་བར)》པར་འགྲེམས་བྱས་ནས། སླད་ཕྱིན་ལོ་ལྔའི་ཁོངས་གཏོགས་ནང་གི་སྐོར་གཟིགས་ལས་དོན་གྱི་སྤྱིའི་བླང་བྱ་དང་། དམིཌ་ཚད་ལས་འགན། བྱེད་ཐབས་བཅས་ཁ་གསལ་བཟོས་པ་མ་ཟད། ཞིབ་དཔྱོད་ཁོངས་གཏོགས་ཀྱི་འབྱུང་འགྱུར་ལོ་ལྔའི་སྐོར་གཟིགས་ལས་དོན་གྱི“ལམ་ཐིག”དང“ལས་འགན་ཡི་གེ”ཡང་གཏན་འཁེལ་་བྱས་པ་དེ། ཁོངས་གཏོགས་ནང་གི་སྐོར་གཟིགས་ལས་དོན་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
         《འཆར་འགོད་》ནང་དུ། བློ་བརྟན་འགྱུར་མེད་ངང་ཆབ་སྲིད་སྐོར་གཟིགས་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུ་སྟེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་དང་དེ་བཞིན་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ལེན་པ་བཅས་ལ་དམིགས་ཤིང་། ཞིབ་དཔྱོད་ལས་ཁུངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཏང་གིས་ཞིབ་དཔྱོད་ལས་དོན་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད་མེད་དང་དེར་ཤུགས་བརྒྱབ་མིན། ཁྲིམས་འཛིན་ནན་པོ་མེད་པ་དང་། ཚད་ལྡན་མིན་པ། དྲང་སྙོམས་མིན་པ། ཡ་རབས་མིན་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ལ་ཤུགས་བཏོན་མིན། “གཏན་འབེབས་གསུམ”དང་། “ཆང་རག་འཐུང་མི་ཆོག་པའི་བཀའ་རྒྱ” “ཆུ་ཚོད་བརྒྱད་ཕུད་པའི་དུས་ཀྱི་བྱ་སྤྱོད་འཛེམ་བྱ”སོགས་ཀྱི་སྒྲིག་ཁྲིམས་ལག་བསྟར་བྱས་མིན་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཏེ། ཁྲིམས་འཛིན་གྱོད་སྒྲུབ་ལ་ཇུས་གཏོགས་བྱེད་པ་དང་། སྒྲིག་འགལ་ངང་གྱོད་སྒྲུབ། གྱོད་གཞིའི་གསང་བ་བརྟོལ་བ་བཅས་དང་དེ་བཞིན་ལྐོག་ཟ་ཁྲིམས་འགལ་དང་ནག་ཚོགས་སྟོབས་ཤུགས་ལ་འགེབས་སྲུང་བྱེད་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱས་ནས་རྩད་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         《འཆར་འགོད་》ནང་དུ། སྐོར་གཟིགས་སྐོར་དཔྱོད་ལྟ་སྐུལ་བཅས་ཀྱི་བཀོད་པ་འཐུས་ཚང་དུ་བཏང་ཐོག ཞིང་ཆེན་དང་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་གི་སྐོར་གཟིགས་སྐོར་དཔྱོད་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། རྩ་དོན་ཐོག་ལོ་རེར་རྒྱུན་སྲོལ་གྱི་སྐོར་གཟིགས་ཐེངས་གཉིས་རེ་བྱེད་པ་དང་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ཆེད་དོན་སྐོར་གཟིགས་སྔོན་ལ་བཀོད་སྒྲིག་བྱེད་པ། གཙོ་གནད་མི་སྣ་དང་། ལས་དོན་གཙོ་བོ། གནད་དོན་གཙོ་བོ་བཅས་ལ་དམིགས་ནས“སྐབས་བསྟུན་རྣམ་པའི”སྐོར་གཟིགས་བྱེད་པ། སྐོར་གཟིགས་དག་ཐེར་གནས་ཚུལ་ལ་ལྟ་བཤེར་སྒྲུབ་སྐུལ་ལམ་ལུགས་བཙུགས་ནས་འགན་འཁྲི་བདའ་འདེད་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྐོར་གཟིགས་བྱས་ནས་ཤེས་རྟོགས་བྱུང་བ་དང་དག་ཐེར་བྱ་རྒྱུའི་བླང་བྱ་བཏོན་པའི་གནད་དོན་ཚང་མ་ཐག་གཅོད་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད། 
     
      

    ཕྱོགས་བསྡུས་གསར་འགྱུར།