འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཆིང་ཧྭ་སློབ་ཆེན་གྱིས་རིག་གནས་དཔལ་འབྱོར་གྱི་སྙན་ཞུ་དང་པོ་ཁྱབ་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། འཛམ་གླིང་དཔལ་འབྱོར་བཟོ་ལས་དུས་རབས་ནས་བཟོ་ལས་དུས་རབས་རྗེས་མར་བར་བརྒལ་བྱེད་པ་དང་སྦྲགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཡང་དེ་སྔོན་གྱི་རང་བྱུང་ཐོན་ཁུངས་གཙོ་བོར་བྱེད་པ་ནས་རིག་གནས་དང་། ཆ་འཕྲིན། ཚན་རྩལ་སོགས་གཙོ་བོར་བྱེད་པའི་བར་གྱུར་ཅིང་། རིག་གནས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཏེ་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད། ད་རེས་ཀྱི་ཆིང་ཧྭ་སློབ་ཆེན་རིག་གནས་དཔལ་འབྱོར་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པའི་《རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་རིག་གནས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་རིག་གནས་དཔལ་འབྱོར་རིག་པ་བསྐྲུན་》ཞེས་པའི་ཞིབ་འཇུག་སྙན་ཞུ་ལས་རིག་གནས་དཔལ་འབྱོར་རིག་པ་སྟེ་གསར་དར་གྱི་སྤེལ་མའི་རིག་ཚན་དེར་རིགས་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་ཞིག་བསྐྲུན་ཡོད་པ་དང་། ཞིབ་འཇུག་གི་ལས་འགན་ནི་རིག་གནས་དཔལ་འབྱོར་སྐྱོན་བྲལ་ངང་འཚར་ལོངས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པ་བརྒྱུད་དུས་རབས་གསར་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་རིག་གནས་བསྐྱར་དར་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཞིབ་འཇུག་གི་རྨང་གཞིའི་ནང་རིག་གནས་དཔལ་འབྱོར་སྣང་ཚུལ་གྱི་རྒྱབ་ཕྱོགས་ཀྱི་སྤྱི་ཚོགས་འབྲེལ་བར་དཔྱད་བསྡུར་བྱེད་པ་དང་རིག་གནས་དཔལ་འབྱོར་འཁོར་རྒྱུག་གི་ཆོས་ཉིད་ལ་དབྱེ་ཞིབ་བྱ་རྒྱུ་ཚུད་པ་མ་ཟད། རིག་གནས་དང་དཔལ་འབྱོར་ཕན་ཚུན་གསབ་རེས་ཀྱི་ནུས་པར་ཞིབ་འཇུག་བྱ་རྒྱུ་ཡང་ཚུད་ཡོད། ཞིབ་འཇུག་གི་སྒྲོམ་གཞི་ནི“ལས་བགོས་དང་བརྗེ་རེས”ཀྱི་ཟུར་ཚད་འོག་རིག་གནས་ཚོང་ཟོག་དང་། རིག་གནས་མ་རྩ། རིག་གནས་ཁེ་ལས། རིག་གནས་ཐོན་ལས། རིག་གནས་སྲིད་ཇུས། དཔལ་འབྱོར་རིག་གནས་སོགས་ལྟེ་བའི་རྒྱུ་རྐྱེན་གཙོ་བོ་དྲུག་ལས་གྲུབ་པའི་མ་ལག་ཅིག་ཡིན་པ་སོགས་གསལ་པོར་གཏན་འཁེལ་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།