འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཞབས་ཞུའི་ལས་རིགས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོར་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
        མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཞབས་ཞུའི་ལས་རིགས་སིའི་འབྲེལ་ཡོད་འགན་ཁུར་མི་སྣས་ཉེ་བའི་ལོ་ཤས་རིང་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཐོན་ལས་ཀྱི་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མྱུར་པོ་རྒྱུན་འཁྱོངས་བྱུང་བ་དང་། གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོར་གྱུར་ཡོད་ཅེས་བཤད།
         བསྡོམས་རྩིས་ལས་མངོན་གསལ། 2017ལོར་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་གིས་GDPཡི་བསྡུར་གྲངས་བཟུང་ཚད་51.6%ཟིན་ནས་ཐོན་ལས་གཉིས་པ་ལས་བརྒྱ་ཆའི་གནས་11.1བརྒལ་ནས་རང་རྒྱལ་གྱི་ཐོན་ལས་དང་པོར་གྱུར་ཡོད། ཞབས་ཞུའི་ལས་རིགས་ཀྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་58.8%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གནས་1.3མཐོ་རུ་ཕྱིན་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། འདི་ལོའི་ཟླ་བ་དང་པོ་ནས་གཉིས་པའི་བར་ཞབས་ཞུའི་ལས་རིགས་ཀྱི་ཐོན་ལས་སྟོན་གྲངས་དུས་མཚུངས་ལས་8%འཕར་ནས་ན་ནིང་གི་ཟླ་བ་བཅུ་གཉིས་པ་ལས་བརྒྱ་ཆའི་གནས་0.1འཕར་ཞིང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་ལས་བརྒྱ་ཆའི་གནས་0.8མཐོ་རུ་ཕྱིན་པས། ཞབས་ཞུའི་ལས་རིགས་རྒྱལ་དམངས་དཔལ་འབྱོར་མུ་མཐུད་འཕར་བའི་མདུན་གྲལ་དུ་སླེབས་ཡོད།
         འགན་ཁུར་བ་དེས“མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དང་བསྟུན་ནས་ཞབས་ཞུའི་ལས་རིགས་ཀྱི་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་། ཞབས་ཞུའི་ལས་རིགས་ཀྱི་སྒུལ་ནུས་གསར་པ་ཟམ་མི་ཆད་པར་སྐྱེད་སྲིང་ཐུབ་ཅིང་། ཐོན་ལས་གསར་པ་དང་དཔལ་འབྱོར་གསར་པ་ཟམ་མི་ཆད་པར་འཕེལ་རྒྱས་བྱུང་བ་དང་། གསོན་ཤུགས་དང་དངོས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།