འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣས་སློབ་འབྲིང་དུ་བསྐྱོད་ནས“སྐྱེ་
    དངོས་ཀྱི་བདེ་འཇགས”ཤེས་བྱའི་སྐོར་ཁྲིད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་17ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་15ཉིན་གྱི་དམངས་ཡོངས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་གསུམ་པ་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣས་པེ་ཅིང་གྲོང་ཁྱེར་སློབ་འབྲིང་བཅོ་ལྔ་པར་བསྐྱོད་ནས་རྣམ་པ་གསར་རྐྱང་གི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་བ་རེད།
         “ཁྱི་སྨྱོན་ནད་དུག་གིས་འཆི་ཚད་ཧ་ལམ་100%ཟིན་ཞིང་། མིག་སྔར་གོ་ལ་ཧྲིལ་པོར་དྲག་སྐྱེད་བྱུང་མཁན་གཅིག་ལས་བྱུང་མེད། འོན་ཀྱང་ཨེ་པོ་ལ་ནད་དུག་ལ་ནུས་ལྡན་གྱི་རིམས་འགོག་སྨན་ཁབ་མེད་པས་ཉེན་ཁ་ཆེ་ཤོས་ཡིན”བྱ་དགའ་ཡོད་པའི་ལན་རྒྱག་པའི་འགྲན་བསྡུར་ནང་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཚོད་ལྟ་ཁང་དོ་དམ་ཁྲུའུ་ཡི་འབུམ་རམས་པ་ལིའུ་ཞའོ་ཡུས་ཀྱིས་སློབ་མ་ཚོར་ལན་དེ་ལྟར་བརྒྱབ་པ་རེད། ཁོང་གིས་རང་རྒྱལ་གྱིས་ནད་གཞིའི་སྐྱེ་དངོས་ཕྲ་རབ་ཀྱི་གནོད་འཚེ་ཚབས་ཆེ་ཆུང་ལ་གཞིགས་ནས་རིགས་བཞིར་དབྱེ་བ་སྟེ། དེའི་ཁྲོད་གནོད་འཚེ་ཚབས་ཆེ་ཤོས་དེ་རིགས་དང་པོ་ཡིན་པ་དང་དེས་ཧ་ཅང་ཚབས་ཆེ་བའི་ནད་གཞི་སློང་བ་མ་ཟད། རང་རྒྱལ་དུ་དེའི་འབྱུང་རྐྱེན་ད་དུང་ཤེས་རྟོགས་ཐུབ་མེད་པའམ་མེད་པར་བཟོས་པའི་ཁྱབ་བསྒྲགས་བྱས་ཟིན་པའི་ནད་གཞིའི་སྐྱེ་དངོས་ཕྲ་རབ་སྟེ་དཔེར་ན་ཨེ་པོ་ལ་ནད་དུག་དང་ལྷ་འབྲུམ་ནད་དུག་སོགས་ཡིན་ཞེས་ངོ་སྤྲོད་བྱས།
         སྐྱེ་དངོས་བདེ་འཇགས་ཚོད་ལྟ་ཁང་ནི་ཀུན་གྱི་མིག་ནང་ངོ་མཚར་ཆེ་བའི་ས་ཆ་ཞིག་ཡིན། “མོ་ཐྲོལ”གྱིས་གར་སྟེགས་ཐོག་བསྟན་པ་བརྒྱུད། སློབ་མ་ཚོས་ཚོགས་ཆུང་མང་པོ་ཞིག་ཏུ་ཕྱེ་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་དགེ་རྒན་གྱི་མཛུབ་ཁྲིད་འོག་རང་ཉིད་ངོ་མས་འགོག་སྲུང་གྱོན་ཆས་ཇི་ལྟར་གྱོན་དགོས་མིན་སྦྱངས་ཡོད།
         “གྱོན་ན་ཏོག་ཙམ་འཚིག་གི་འདུག དེར་བརྟེན་སྐྱེ་དངོས་བདེ་འཇགས་ཚོད་ལྟ་ཁང་གི་ལས་དོན་མི་སྣ་ཧ་ཅང་དཀའ་ལས་ཁག་པོ་ཡིན་པ་ཚོར་བྱུང”འགོག་སྲུང་གྱོན་ཆས་གྱོན་མཁན་དམའ་རིམ་སློབ་འབྲིང་གི་ལོ་རིམ་གཉིས་པའི་བུ་མོ་ཁྲེང་ཀྲོའུ་ཡིས“བྱེད་སྒོ་དེ་དོན་སྙིང་ཆེན་པོ་འདུག མཉམ་སྒུལ་རང་བཞིན་ཡང་ཆེ་བས་སྐྱེ་དངོས་བདེ་འཇགས་ཤེས་བྱའི་སྐོར་ལ་རྒྱུས་མངའ་ལོན་ཤུགས་ཀྱང་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་སོང”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།