འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཅིན་ཀྲེན་ཨེན་གྱིས་ཀྲུང་གོའི་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་སུང་ཐའོ་དང་མཇལ་འཛོམས་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་17ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་14ཉིན། ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་དང་རྒྱལ་དོན་ཨུ་ལྷན་གྱི་ཨུ་ཡོན་གི་ཀྲང་ཅིན་ཀྲེན་ཨེན་གྱིས་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ལྷན་གྱི་སྤྱི་ཁྱབ་པུའུ་རུ་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་དང་ཀྲུང་གོའི་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་སུང་ཐའོ་དང་མཇལ་འཛོམས་གནང་བ་རེད།
         ཅིན་ཀྲེན་ཨེན་གྱིས་དང་ཐོག་ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་བསྒྲགས་གནང་བ་དང་འབྲེལ་སུང་ཐའོ་ཡིས་སྣེ་ཁྲིད་གནང་བའི་ཀྲུང་གོའི་སྒྱུ་རྩལ་ཚོགས་པ་ཁྲའོ་ཞན་དུ“དཔྱིད་ཟླ་བཞི་པ”ཞེས་པའི་རྒྱལ་སྤྱིའི་མཛའ་གྲོགས་སྒྱུ་རྩལ་དུས་ཆེན་ལ་ཞུགས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད། ཅིན་ཀྲེན་ཨེན་གྱིས་མི་རིང་བའི་གོང་ངས་ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་བྱས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་མཉམ་དུ་དོན་སྙིང་ལྡན་པ་དང་དུས་ཚོད་རིང་བའི་གྲོས་མོལ་དང་སྤེལ་རེས་བྱས་པ་བརྒྱུད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་མ་ཟད། ཕུན་སུམ་ཚོགས་པའི་གྲུབ་འབྲས་ཀྱང་ཐོབ་ཡོད། ཁྲའོ་ཀྲུང་མཛའ་གྲོགས་འབྲེལ་བ་དེ་བས་མཐོ་བའི་དུས་མཚམས་གསར་པར་བསྐྱོད་པའི་གལ་ཆེའི་དུས་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་ཀྲུང་གོའི་ཕྱི་ཕྱོགས་འབྲེལ་གཏུགས་པུའི་པུའུ་ཀྲང་སུང་ཐའོ་ཡིས་སྣེ་ཁྲིད་གནང་བའི་ཆུ་ཚད་མཐོ་བ་དང་གཞི་ཁྱོན་ཆེ་བའི་ཀྲུང་གོའི་སྒྱུ་རྩལ་ཚོགས་པ་ཁྲའོ་ཞན་དུ་བཏང་བ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་དབར་བཞག་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་ཁྲའོ་ཞན་མི་དམངས་ལ་བཅངས་པའི་མཛའ་གྲོགས་དང་བརྩེ་སེམས་གང་ལེགས་མཚོན་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་སྒྱུ་རྩལ་ཕོ་ཉར་སྣེ་ལེན་གཟབ་རྒྱས་ཞུ་རྒྱུ་དང་འབྲེལ་གོ་སྐབས་དེ་བརྒྱུད་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་ཀྱི་རྨང་གཞི་དེ་བས་བརྟན་དུ་བཏང་ནས་ལག་གདང་སྦྲེལ་ནས་ཁྲའོ་ཀྲུང་མཛའ་གྲོགས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         སུང་ཐའོ་ཡིས་ཅིན་ཀྲེན་ཨེན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་བསྒྲགས་གནང་བ་རེད། ཕྱོགས་གཉིས་པོས་ཀྲུང་ཁྲའོ་ཡི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ལ་བསམ་འཆར་བརྗེ་རེས་བྱས་ཤིང་། དེ་ཉིན་དགོང་མོ་ཅིན་ཀྲེན་ཨེན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་ཡིས་ཀྲུང་གོའི་སྒྱུ་རྩལ་ཚོགས་པར་དགའ་བསུ་ཞུ་བའི་སྣེ་ལེན་སྟོན་མོ་བཤམས་པ་རེད། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཏང་ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ། རྩ་འཛུགས་མཛུབ་ཁྲིད་པུའི་པུའུ་ཀྲང་བཅས་ཡིན་པའི་ཚུའེ་ལུང་ཧའེ་དང་སུང་ཐའོ་ཡིས་སྣེ་ལེན་ཚོགས་འདུའི་ཐོག་ཁག་སོ་སོས་ཤིས་ཚིག་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།