འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པའི་ཀྲུང་གོ་མོ་ཞི་ཁོ་གྲོང་གི་རྒྱལ་སྤྱིའི་མཛའ་གྲོགས་རིག་གནས་འགྲེམས་
    ཚོགས་སྐབས་བཅུ་པར་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་17ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་14ཉིན་མོ་ཞི་ཁོ་གྲོང་གི་རྒྱལ་སྤྱིའི་མཛའ་གྲོགས་རིག་གནས་འགྲེམས་ཚོགས་སྐབས་བཅུ་པ་འགོ་ཚུགས་ཤིང་། སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་ཀྲུང་ཧྭའི་ཟས་མཆོག་དང་། བོད་ཀྱི་ཟློས་གར། དེང་རབས་ཇུས་འགོད་སོགས་ལ་བརྟེན་ནས་དེང་སྐབས་ཀྲུང་གོའི་གཟུགས་བརྙན་མངོན་པར་བྱས་པ་རེད།
         ཉིན་དེར་མཛའ་གྲོགས་རིག་གནས་འགྲེམས་ཚོགས་ཀྱི་རིམ་སྤེལ་བྱེད་སྒོ་མོ་ཞི་ཁོའི་རྒྱལ་ས་མོ་ཞི་ཁོ་གྲོང་གི་རྩ་ཁྲིམས་ཐང་ཆེན་སོགས་སུ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་དང་ཁྱོན་རྒྱལ་ཁབ་དང་ས་ཁུལ་84ཞུགས་ཡོད་པ་རེད། དེའི་ཁྲོད“བཀྲ་ཤིས་བདེ་ལེགས་2018ལོའི་ཀྲུང་གོའི་བོད་ཀྱི་རིག་གནས་གཟའ་འཁོར”གྱི་སྤུས་རྟགས་བྱེད་སྒོ་མོ་ཞི་ཁོར་ཐོག་མར་སྤེལ་ཞིང་། ཉིང་ཁྲིའི་གྲོང་ཁྱེར་གྱི་མི་རིགས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་གླུ་ལེན་གར་འཁྲབ་བྱས་ཏེ་མཚོ་བོད་ས་མཐོའི་སྙན་འཇེབས་ལྡན་པའི་ཤོད་རྒྱུན་དང་། ཡིད་དབང་འཕྲོག་པའི་གཏམ་རྒྱུད། དེ་བཞིན་འཆམ་མཐུན་གྱི་འཚོ་བ་བཅས་ཞིབ་པར་གླེང་བ་རེད། གཞན་ཡང“མཛེས་སྡུག་ལྡན་པའི་བོད་ལྗོངས”ཞེས་པའི་མངོན་མིན་རིག་གནས་ཤུལ་བཞག་དང་། རིག་གནས་གསར་གཏོད། གོས་རྒྱན། པར་རིས་འགྲེམས་སྟོན་དང་དེ་བཞིན་ཐང་གའི་སྒྱུ་རྩལ་འཆད་ཁྲིད་སོགས་ཀྱི་བྱེད་སྒོའི་ཐོག་ནས་ས་གནས་དེ་གའི་མང་ཚོགས་ཚོས་བོད་ཀྱི་རིག་གནས་ལ་དེ་བས་གསོན་ཉམས་དོད་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་ཤེས་རྟོགས་ཐུབ་པ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།