འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཁུ་ཝེ་ཐེའི་ཁྱིམ་མཁོའི་སྒྲིག་ཆས་འགྲེམས་སྟོན་ཐོག་ཀྲུང་གོའི་ཐོན་རྫས་ལ་དགའ་པོ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་17ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བཟོ་བཀོད་པ་ཨའེ་ཧྭ་མའེ་ཏེ·ཨ་ཝ་ཏེས་རྐང་བཙུགས་ནས་ལྡིར་སོ་སྤྲོས་ཆས་མདུན་དུ་ཕར་འགྲོ་ཚུར་འོང་བྱས་ནས་བརྙན་འཕྲིན་ཐོག་གི་ལྡིར་སོ་བརྙན་ལམ་ལ་མཛུབ་མོ་བཙུགས་ཏེ་གསར་འགོད་པར“ཁྱེད་ཀྱིས་བལྟོས་དང་། བརྙན་ལམ་གསལ་པོ་གང་འདྲ་མིན་འདུག་གམ། ཀྲུང་གོའི་ཐོན་རྫས་ཀྱི་སྤུས་ཚད་ཡག་པོ་འདུག”ཅེས་བཤད་བྱུང་།
         ཨ་ཝ་ཏེས་གསར་འགོད་པར་འགྲེམས་སྟེགས་ཐོག་གི་ཀྲུང་གོའི་ཀུང་སིའི་ཁེ་བེད་བདག་ཐོབ་ཐོན་རྫས་གཞན་དག་དཔེར་ན། ངོ་གདོང་དང་མཛུབ་རིས་དབྱེ་འབྱེད་མ་ལག་སོགས་ངོ་སྤྲོད་བྱས་བྱུང་། ཁོང་གིས“མིག་སྔར་ཁུ་ཝེ་ཐེའི་ལྡིར་སོ་སྤྲོས་ཆས་ཁྲོམ་རའི་ཐོག་གི་ཐོན་རྫས་70%ཀྲུང་གོའི་རེད། ཀྲུང་གོའི་ཐོན་རྫས་ཀྱི་སྤུས་ཀ་ལེགས་པ་དང་། ལག་རྩལ་སྔོན་ཐོན་ཡིན་པ། རིན་གོང་འཚམ་པོ་ཡོད་པས་ས་གནས་དེ་གའི་མི་ཚོས་དགའ་པོ་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།
         རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་འཚོགས་པའི་ཁུ་ཝེ་ཐེའི་རྒྱལ་སྤྱིའི་ཁྱིམ་མཁོའི་སྒྲིག་ཆས་འགྲེམས་སྟོན་ཐོག་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་60ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་འགྲེམས་སྟོན་ཐོག་ཁྱིམ་མཁོའི་སྒྲིག་ཆས་དང་། མཛེས་བཟོ། འཛུགས་སྐྲུན་རྒྱུ་ཆ་སོགས་ཐོན་རྫས་སྣ་ཁ་མང་པོ་ཡོད། ལྡིར་སོ་སྤྲོས་ཆས་ཕུད་ཀྲུང་གོས་ཐོན་སྐྱེད་བྱས་པའི་མའེ་སའེ་ཁེ་སོ་ཕག་དཀར་རྩི་མ་དང་། སྒོ་ལྕགས། ལག་འཇུ། སྐས་འཛེག་ལག་སྐྱོར་སོགས་ཀྱི་ཐོན་རྫས་ཀྱི་རིན་གོང་ཁེ་ལ་སྤུས་ཀ་ལེགས་པའི་ལེགས་ཆ་དང་ཚོང་རྗེས་ཀྱི་ཞབས་ཞུ་ལེགས་པའི་དབང་གིས་ཉོ་སྒྲུབ་ཚོང་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
         “ང་ཚོ་ཀྲུང་གོའི་ཐོན་རྫས་ལ་དགའ་པོ་ཡོད། གང་ཡིན་ཟེར་ན། ཉམས་བཟོའི་འགན་ཡུན་རིང་ལ་ཚོང་རྗེས་ཀྱི་ཞབས་ཞུ་ལེགས་པོ་ཡོད། གལ་སྲིད་གནད་དོན་ཐོན་ཚེ་ཉིན་ཤས་ནང་བརྗེ་ཐུབ། རྒྱལ་ཁབ་གཞན་དག་གི་ཐོན་རྫས་ཡིན་ཚེ་བརྗེ་བར་ཟླ་ཤས་འགོར་གྱི་ཡོད”ཅེས་ཁུ་ཝེ་ཐེའི་པེ་པེ་ཧ་ཉི་ཤིང་སྒོ་ཀུང་སིའི་ཕྱིར་ཚོང་པ་ཨའེ་དབྱི་མན་གྱིས་བཤད་བྱུང་།
         ཚོང་དོན་ཀུང་སིའི་ཅིང་ལི་ལི་ཡ་ཙེ·ལ་མ་ཏན་གྱིས“ང་ལོ་ལྟར་ཀོང་ཀྲོའུ་ཚོང་འདུས་ཐོག་ཐོན་རྫས་གདམ་ག་བྱེད་པར་འགྲོ་གི་ཡོད། ལོ་ཤས་རིང་ཀྲུང་གོའི་ཐོན་རྫས་ཀྱི་སྤུས་ཚད་དང་རིན་གོང་མཐོ་རུ་སོང་བ་མ་ཟད། ཐ་ན་ས་གནས་དེ་གའི་མི་ཚོའི་སེམས་ནང་གི་གོང་ཚད་ལས་བརྒལ་ཡོད་ཀྱང་ཐོན་རྫས་དེ་དག་གི་སྤུས་ཚད་དངོས་ནས་ཧ་ཅང་ཡག་པོ་འདུག”ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།