འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མིས་བཟོས་རིག་ནུས་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་གསར་གཏོད་རི་ནེ་ཝའི་གསར་གཏོད་
    འགྲེམས་སྟོན་ཐོག་ཐོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་17ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་གཅིག་དུས་གཅིག་གི་རི་ནེ་ཝའི་རྒྱལ་སྤྱིའི་གསར་གཏོད་འགྲེམས་སྟོན་ཐེངས་46པ་དེ་གཟའ་འཁོར་དེར་འགོ་ཚུགས་རྒྱུ་ཡིན་ཞིང་། ཉེ་བའི་ལོའི་འཕེལ་ཕྱོགས་དང་འདྲ་བར་ཀྲུང་གོའི་གསར་གཏོད་ཀྱི་གྲུབ་འབྲས་མང་དག་ཅིག་འགྲེམས་སྟོན་ཐོག་མཐོང་རྒྱུ་ཡོད། འདི་ལོ་ཀྲུང་གོའི་འགྲེམས་སྟེགས་ཀྱི་རྒྱ་ཁྱོན་འགྲེམས་ཁུལ་ཡོངས་ཀྱི་གསུམ་ཆ་གཅིག་བཟུང་བ་དང་ལྷག་པར་དུ་མིས་བཟོས་རིག་ནུས(AI)དང་དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་ལ་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་པ་རེད།
         ཀྲུང་གོའི་གསར་གཏོད་ཀྱི་འབྱུང་ཁུངས་གཙོ་བོ་གཉིས་ནི། གཅིག་ནི་རྒྱལ་སྤྱིའི་བཀོལ་སྤྱོད་ཚན་རྩལ་གསར་སྤེལ་མཉམ་སྒྲུབ་དྲ་བའི(ISTA)སྒྲིག་འཛུགས་འགྲེམས་སྟོན་ནང་ཞུགས་པ་འདི་ནི་ཆིང་ཧྭ་སློབ་ཆེན་དང་། པེ་ཅིང་སློབ་ཆེན། ཧྥུའུ་ཏན་སློབ་ཆེན། ཤང་ཀང་རང་བྱུང་བཟོ་སྐྲུན་བཅས་ཚུད་པའི་གྲགས་ཅན་མཐོ་རིམ་སློབ་གྲྭ་27གྱིས་མཉམ་དུ་བཙུགས་པའི་སྒྲིག་འཛུགས་ཤིག་ཡིན་པ་དེའི་ནང་གྲགས་ཅན་རིགས་གཅིག་མཁས་ཅན་དང་། དགེ་རྒན་ཆེ་མོ་བ། སློབ་གྲྭ་ཆེ་མོ་བ་བཅས་ཀྱི་གསར་གཏོད་ཀྱི་སྟོབས་ཤུགས་གཙོ་བོ་ཡོད། གཉིས་ནི་ཁེར་རྐྱང་གསར་གཏོད་མི་སྣ་དང་། སློབ་འབྲིང་སློབ་མ། ཁེ་ལས་ཀྱི་འཐུས་མི་སོགས་ལས་གྲུབ་པའི་འཐུས་མི་ཚོགས་པ་ཡིན།
         ཉེ་བའི་ལོའི་ནང་མིས་བཟོས་རིག་ནུས་དེ་གོ་ལ་ཧྲིལ་པོའི་ཕན་ཚུན་འགྲན་རྩོད་འཕེལ་རྒྱས་ཀྱི་གླེང་མང་ཤོས་ཤིག་ཏུ་གྱུར་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་ཐོག་ཤང་ཀང་དང་ནང་སའི་གསར་གཏོད་རྣམ་གྲངས་ཁག་གཅིག་གིས་མིས་བཟོས་རིག་ནུས་དང་སྨན་བཅོས་ཟུང་འབྲེལ་བྱས་པ་དེ་གནད་སྨིན་སྨན་བཅོས་དང་རྒྱང་ཁྲིད་སྨན་བཅོས་ཀྱི་བཀོལ་སྤྱོད་དཔེ་མཚོན་དུ་འགྱུར་རྒྱུ་རེད།
         ཧྥུའུ་ཏན་སློབ་ཆེན་རིག་ནུས་འཕྲུལ་མི་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཀྲང་ཝུན་ཆང་གི་ཚོགས་པས་མིས་བཟོས་རིག་ནུས་དང་ཀྲུང་ལུགས་གསོ་རིག་ཟུང་འབྲེལ་བྱས་ནས་ཀྲུང་ལུགས་གསོ་རིག་གི་ནད་དཔྱད་རམ་འདེགས་འཕྲུལ་མི“ཧྥུའུ་ཏན་ཞའོ་ཧྭ”འཁྱེར་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་འདི་ནི་ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་མཉམ་ལས་བྱས་པ་ཞིག་ཡིན་པ་དང་འཕྲུལ་འཁོར་ལ་བརྟེན་ནས་སློབ་སྦྱོང་གཏིང་ཟབ་དང་རྩིས་བཏང་གི་ཐོག་ནས་ཀྲུང་ལུགས་གསོ་རིག་གི་ནད་དཔྱད་ཚད་ལྡན་དུ་བཏང་སྟེ་འཕྲུལ་མིས་ཀྱང་བལྟ། སྣོམ། འདྲི་བཅས་བརྒྱུད་ཀྲུང་ལུགས་གསོ་རིག་གི་ངོ་དཔྱད་དང་། ལྕེ་དཔྱད། རྩ་དཔྱད་སོགས་ཀྱི་རམ་འདེགས་ནད་དཔྱད་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད།
         ད་ཐེངས་ཀྱི་ཤང་ཀང་འཐུས་མི་ཚོགས་པའི་རུ་དཔོན་ཤང་ཀང་གསར་གཏོད་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་འབུམ་རམས་པ་ལུའེ་ཤིན་རུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནི་ཤང་ཀང་གི་མཐོ་སློབ་འགྲེམས་སྟོན་ནང་ཞུགས་རྒྱ་ཆེ་ཤོས་ཡིན་པ་དང་གསར་གཏོད་རྣམ་གྲངས་མི་ཉུང་བ་ཞིག་དམངས་འཚོ་དང་འབྲེལ་བ་ཟབ་མོ་ཡོད་པ་རེད། བྱིས་པའི་རྒྱང་གྲིབ་མིག་ནད་ད་ལྟ་རྒྱལ་ནང་ཁུལ་དུ་ཧ་ཅང་གིས་ཁྱབ་རྒྱ་ཆེན་པོ་ཡོད་པས་ཤང་ཀང་རང་བྱུང་བཟོ་སྐྲུན་སློབ་ཆེན་མིག་ནད་འོད་རིག་སློབ་གླིང་གི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་ཏུའུ་སི་ཧོ་ཚོགས་པས་ཞིབ་བཟོ་བྱས་པའི་རྒྱང་སྒྲིབ་ཚོད་འཛིན་གྱི“འོད་རིགས་ཀྱི་མདོ་ཐག་དང་བྲལ་བའི”མིག་ཤེལ་དེས་བྱིས་པའི་རྒྱང་སྒྲིབ་མིག་ནད་སྡུག་ཏུ་འགྲོ་རྒྱུར་ཚོད་འཛིན་ཐུབ་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།