འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སྟོངས་ལ་ཉེ་བའི་ཁྲུང་ཁྲུང་སྐེ་ནག་300ལྷག་ཙམ་མཚོ་སྔོན་ཡུལ་ཤུལ་གྱི་སྐྱ་ཐང་དུ་འབྱོར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་17ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་གསུམ་པ་ནས་བཞི་པའི་བར་ཁྲུང་ཁྲུང་སྐེ་ནག་310ཙམ་སྐྱ་ཐང་དུ་འབྱོར་བའི་ནང་ནས་ཁྱུ་ཚོགས་ཆེ་ཤོས་ལ་ཁྲུང་ཁྲུང་240ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁྲུང་ཁྲུང་སྐེ་ནག་ནི་ས་མཐོའི་སྣོད་བཅུད་ལ་འགྱུར་ལྡོག་ཇི་བྱུང་གསལ་པོར་སྟོན་ཐུབ་པའི་འདབ་ཆགས་ཏེ། ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་འཚར་ལོངས་ཁོར་ཡུག་གམ་ཡང་ན་ཁོར་ཡུག་གི་ཆ་རྐྱེན་འགའ་ཞིག་གསལ་སྟོན་ཐུབ་པའི་འདབ་ཆགས་ཤིག་རེད། འདབ་ཆགས་དེ་དག་གཙོ་བོ་ས་བབ་མཐོ་ཚད་སྨི་2500ནས་5000ཡི་ས་མཐོའི་ན་ཁ་དང་། འདམ་ར། འདམ་རྩྭ་སྐྱེ་ཡུལ་བཅས་སུ་འཚོ་གནས་བྱེད་ཀྱི་ཡོད། ད་ཐེངས་ཁྲུང་ཁྲུང་སྐེ་ནག་གཞི་ཁྱོན་ཆེན་པོ་ཤེས་རྟོགས་བྱུང་སའི་སྐྱ་ཐང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁོངས་ཀྱི་རྩྭ་ཐང་ཆེ་གྲས་གཉིས་པ་དེ་ཡིན་ཞིང་། དེར་ཆ་སྙོམས་ས་བབ་མཐོ་ཚད་སྨི་3700ལྷག་ཙམ་ཟིན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།