འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་གློག་བརྙན་ཁྲོམ་ར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གཙོ་བོར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་17ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྒོར་དུང་ཕྱུར་200 སྒོར་དུང་ཕྱུར་400 སྒོར་དུང་ཕྱུར་500 — ཀྲུང་གོའི་གློག་བརྙན་གྱི་ལོ་འཁོར་སྤ་སེ་བཙོང་ཚད་ཟམ་མི་ཆད་པར་འཕར་བཞིན་ཡོད། 《མའེ་ཀུང་གཙང་པོའི་བྱ་སྤྱོད་》 《འཐབ་སྤྱང་2》 《མཚོ་དམར་གྱི་བྱ་སྤྱོད་》—བརྗོད་དོན་གཙོ་བོའི་གློག་བརྙན་གྱིས་ཚོང་ལས་ཀྱི་ངོ་མཚར་ཟམ་མི་ཆད་པར་བཏོད་པ། པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་ལས་རིགས་ཀྱི་སྤེལ་རེས་ལས་སྟེགས་གལ་ཆེན་དུ་གྱུར་པ་སོགས་2012ལོ་ནས་བཟུང་གློག་བརྙན་དེ་རང་རྒྱལ་གྱི་རིག་གནས་སྒྱུ་རྩལ་ཁྱབ་ཁོངས་དང་རིག་གནས་ཐོན་ལས་ཀྱི་བཀྲག་མདངས་འཚེར་ས་གལ་ཆེན་དུ་གྱུར་པ་མ་ཟད། ཀྲུང་གོ་ཡང་གོ་ལ་ཧྲིལ་པོའི་གློག་བརྙན་ཁྲོམ་ར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གཙོ་བོར་གྱུར་པ་རེད།
         གསར་རྩོམ་གྲུབ་ཆ་སྣ་མང་རྒྱུན་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ།
         2012ལོ་ནས་བཟུང་། གློག་བརྙན་གསར་རྩོམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་དམིགས་ཤིང་། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི《མདའ་ཤོག་བརྒྱའི་གཡུལ་འགྱེད》དང་། རྒྱང་སྐྱོད་ཆེ་མོར་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་《དཔའ་རྟུལ་》 ཀྲུང་གོའི་ཁྲིམས་འཛིན་སྟོབས་ཤུགས་ཀྱིས་དྲང་བདེན་སྲུང་སྐྱོང་མཚོན་པའི་《མའེ་ཀུང་གཙང་པོའི་བྱ་སྤྱོད་》དང《མཚོ་དམར་གྱི་བྱ་སྤྱོད་》 ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་《བྲག་ཕུག་བཅོ་བརྒྱད་པའི་གྲོང་ཚོ་》《མཁའ་དམག་འཐབ་འཛིང་》སོགས་གློག་བརྙན་དག་གིས་ལྟ་མཁན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྤྲོ་སེམས་དང་མི་རིགས་ཀྱི་སྤོབས་སེམས་འཕེལ་བར་བྱས་པ་རེད།
         2012ལོ་ནས་བཟུང་། ཀྲུང་གོའི་གློག་བརྙན་པས་སྣ་མང་གི་གསར་རྩོམ་ཐོན་སྐྱེད་ཀྱི་རྣམ་པ་རྒྱུན་མི་ཆད་པར་སྲ་བརྟན་དང་འཐུས་ཚང་དུ་བཏང་སྟེ་ལྟ་མཁན་གྱི་དགའ་བསུ་ཟབ་མོ་ཐོབ་པའི་བརྩམས་ཆོས་ཁག་གཅིག་བཟོས་པ་རེད།
         མ་གནས་འབྲིང་ཆུང་ཡིན་པའི་དགོད་བྲོའི་གློག་བརྙན་《ཐེ་ལན་དུ་སྐྱོད་པའི་ངོ་མཚར་གཏམ་རྒྱུད་》ལ་རང་རྒྱལ་ནས་བཟོས་པའི་གློག་བརྙན་གྱི་སྤ་སེ་བཙོང་ཚད་ཐོག་མར་སྒོར་དུང་ཕྱུར་10ཡན་དུ་སླེབས་པ་དང་། དམག་འཐབ་གློག་བརྙན་《འཐབ་སྤྱང་2》ལ་ཀྲུང་གོའི་གློག་བརྙན་ཁྲོམ་རའི་སྤ་སེ་བཙོང་ཚད་མཐོ་ཤོས་བཏོད་པ། “འདོད་སྐོང་མའི”བརྗོད་གཞི་ཡིན་པའི་《ཉེར་གཉིས་》ནི་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར་བརྒལ་བའི་རང་རྒྱལ་གྱི་སྲོལ་རྒྱུན་གྱི་གནས་ཚུལ་དངོས་མཚོན་པར་གཞི་ཐོག་མར་གྱུར་ཡོད།
        རི་པིན་ལས་བརྒལ་ནས་ཨ་རིའི་རྗེས་སུ་སྙེག་པའི་གོམ་སྟབས་མགྱོགས་སུ་སོང་བ།
        2017ལོའི་ལོ་མཇུག་གི་ཀྲུང་གོའི་གློག་བརྙན་ཁྲོམ་ར་ནི་ངོ་མཚར་ཆེ་བའི་གློག་བརྙན་ཞིག་དང་འདྲ་བར་ལྟད་མོ་ཧ་ཅང་ཆེན་པོ་འདུག ཟླ་12ཚེས་30ཉིན《རྨི་ལམ་ནང་གི་ཡུལ་ཁམས་འགྲིམ་པའི་ཟིན་ཐོ》ཞེས་པའི་གློག་བརྙན་དེ་《ཆེད་འགན་འཁུར་མི་སྟེ། མཐར་ཕྱིར་ལོག་པ་》ཞེས་པ་ལས་བརྒལ་ནས་ལོ་འཁོར་གྱི་སྤ་སེ་བཙོང་ཚད་ཀྱི་ཨང་རིམ་བཅུ་པར་སླེབས་པ་དང་། ཟླ་12ཚེས་31ཉིན་《ལོ་ཟླ་》ཞེས་པའི་གློག་བརྙན་གྱི་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར་11.87གྱི་ཐོག་ནས་ལོ་འཁོར་གྱི་སྤ་སེ་བཙོང་ཚད་ཨང་རིམ་མདུན་གྲས་བཅུ་པའི་ནང་ཚུད་ཁར་《ཅ་ལེ་པིའི་མཚོ་ཇག་5 ཤི་ཚར་ན་དཔང་པོ་མེད་》ལས་བརྒལ་ནས་ཨང་བརྒྱད་པར་གྱུར་ནས་སླར་ཡང《རྨི་ལམ་ནང་གི་ཡུལ་ཁམས་འགྲིམ་པའི་ཟིན་ཐོ་》ལས་བརྒལ་བ་རེད།
        2012ལོ་ནས་བཟུང་། རང་རྒྱལ་གྱི་གློག་བརྙན་ལོ་འཁོར་གྱི་སྤ་སེ་བཙོང་ཚད་མྱུར་དུ་འཕར་ནས་2017ལོར་རྒྱལ་ཡོངས་ཀྱི་སྤ་སེ་བཙོང་ཚད་བསྡོམས་འབོར་སྒོར་དུང་ཕྱུར་559.11ཡིན་པ་དེ་2012ལོ་དང་བསྡུར་ན་227%འཕར་ཡོད་པ་རེད།
        2012ལོ་ནས་བཟུང་། ཀྲུང་གོ་འདི་ཉིད་རི་པིན་ལས་བརྒལ་ཏེ་འཛམ་གླིང་གི་གློག་བརྙན་ཁྲོམ་ར་ཆེ་གྲས་གཉིས་པར་གྱུར་པ་དང་དུས་མཚུངས་ཨ་རིའི་གློག་བརྙན་ཁྲོམ་ར་དང་ཧེ་བག་རིམ་གྱིས་ཆུང་དུ་སོང་ནའང་རི་པིན་དང་བར་ཐག་ཟམ་མི་ཆད་པར་ཆེ་རུ་སོང་སྟེ་གོ་ལ་ཧྲིལ་པོའི་གློག་བརྙན་ཁྲོམ་ར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གཙོ་བོར་གྱུར། ཨ་རིའི་གློག་བརྙན་མཐུན་ཚོགས་ཀྱི་བསྡོམས་རྩིས་གཞིར་བཟུང་། 2012ལོར་རང་རྒྱལ་གྱི་ཁྲོམ་ར་ནི་ཨ་རིའི25%ཡིན་པ་དང་ཁྲོམ་ར་ཆེ་གྲས་གསུམ་པའི(རི་པིན)ལྡབ་1.125ཡིན་པ་མ་ཟད། 2016ལོར་ཨ་རིའི་70%ཡིན་པ་དང་རི་པིན་གྱི་ལྡབ་3.3ཡིན་པ་རེད།
        གཞུང་ཕྱོགས་ཀྱིས་སྔོན་རྩིས་བྱས་པ་ལྟར་ན། 2020ལོར་སླེབས་སྐབས་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གློག་བརྙན་ཁྲོམ་ར་ཆེ་གྲས་དང་པོར་འགྱུར་རྒྱུ་རེད།
        གློག་བརྙན་ཁྲོམ་ར་ཡར་ངོའི་ཟླ་བཞིན་གོང་འཕེལ་འགྲོ་བ་དང་བསྟུན་གློག་བརྙན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡང་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད། 2017ལོའི་ལོ་མཇུག་བར་རང་རྒྱལ་གྱི་ཡོལ་དཀར་ཁྱོན་50776ཡོད་པ་ནི་2012ལོའི་ལྡབ་3.87ཡིན་པ་དང་ཨ་རི་ལས་བརྒལ་ནས་ཡོལ་དཀར་བདག་ཚད་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར།
         པེ་ཅིང་གློག་བརྙན་དུས་ཆེན་ཀྲུང་ཕྱིའི་སྤེལ་རེས་ཀྱི་སྟེགས་བུ་གལ་ཆེན་དུ་གྱུར་པ།
         2012ལོ་ཚུན། ཀྲུང་ཕྱིའི་གློག་བརྙན་མཉམ་ལས་དེ་འཚོལ་ཞིབ་ཀྱི་དུས་མཚམས་ནས་གནད་སྨིན་འཐུས་ཚང་གི་ཕྱོགས་སུ་བསྐྱོད་ཡོད། 2017ལོའི་ལོ་མཇུག་བར་ཀྲུང་གོས་རྒྱལ་ཁབ་20དང་གློག་བརྙན་འཁྲབ་རྒྱུའི་གྲོས་མཐུན་བཞག་པ་དང་ལྷག་པར་དུ་ཀྲུང་གོའི་གློག་བརྙན་ལས་རིགས་དང་ཨ་རིའི་ཧའོ་ལའེ་ཝུའུ་ཡི་ཀུང་སི་ཆེན་པོ་དྲུག་དབར་མཉམ་ལས་དམ་ཟབ་ཀྱི་ཐབས་ལམ་བསྐྲུན་པ་རེད། འབོ་གསེར་རྒྱལ་ཁབ་ཀྱི་གློག་བརྙན་དུས་ཆེན་སོགས་ཀྱི་བྱེད་སྒོ་བདེ་བླག་ངང་སྤེལ་ནས་ཀྲུང་ཕྱིའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཉམས་མྱོང་གལ་ཆེན་གསོག་འཇོག་བྱས་ཡོད་པ་རེད། ཀྲུང་ཕྱིའི་གློག་བརྙན་ལས་རིགས་ཀྱི་སྤེལ་རེས་ལས་སྟེགས་གལ་ཆེན་ཡིན་པའི་པེ་ཅིང་གློག་བརྙན་དུས་ཆེན་གསར་དུ་བཙུགས་པ་ནས་བཟུང་། སྐུ་མགྲོན་གྱི་སྐད་གྲགས་ཆོད་ཚད་དང་འགྲེམས་སྟོན་ནང་ཞུགས་པའི་གློག་བརྙན་གྱི་སྤུས་ཚད་དེ་བཞིན་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཚད་སོགས་ཚང་མ་རྒྱུན་མཐུད་ངང་མཐོ་རུ་འགྲོ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།