འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་རོམ་ཕུ་ཡིས་ལ་ཏིང་མེ་གླིང་དུ་བསྐྱོད་པའི་འཆར་གཞི་བཞག་ནས་སི་རི་ཡའི་རྫས་འགྱུར་
    མཚོན་ཆའི་གནད་དོན་ཐག་གཅོད་པར་ངལ་བ་བྱེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 18:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་10ཉིན། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སང་དེ་སི་ཡིས། ཙུང་ཐུང་ཐེ་རོམ་ཕུ་ཡིས་དེ་སྔོན་ལ་ཏིང་མེ་གླིང་དུ་བསྐྱོད་པའི་འཆར་གཞི་བཞག་ནས། བློ་རྩེ་གཅིག་བསྒྲིམས་ཀྱིས་སི་རི་ཡའི་རྫས་འགྱུར་མཚོན་ཆའི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་ཚུལ་ཁྱབ་བསྒྲགས་བྱས་བྱུང་།
         སངས་དེ་སིས་གསལ་བསྒྲགས་བྱས་པ་ན། ཐེ་རོམ་ཕུ་གཟའ་འཁོར་འདིར་ཕེ་རུའི་རྒྱལ་ས་ལི་མ་རུ་འཚོག་པའི་མེ་གླིང་རྒྱལ་ཁབ་ཀྱི་འགོ་གཙོའི་གྲོས་ཚོགས་སུ་མི་ཞུགས་པར་མ་ཟད། ད་དུང་གོ་ལོམ་པིར་འཚམས་འདྲིར་བྱ་རྒྱུ་དེའང་དོར་ནས། ཨ་རིས་སི་རི་ཡར་ཁ་གཏད་འཇལ་རྒྱུ་དང་གོ་ལ་ཧྲིལ་བོའི་གནས་ཚུལ་རྒྱུས་ལོན་གྱིས་ཁ་ལོ་བསྒྱུར་བདེ་བ་འི་ཆེད་ཡིན་ཚུལ་གསལ་བསྒྲགས་བྱས་པ་རེད། 
        སངས་དེ་སིས་བཤད་རྒྱུར། ཐེ་རོམ་ཕུའི་བཀའ་ལྟར། ལ་ཏིང་མེ་གླིང་ལ་ཙུང་ཐུང་གཞོན་པ་ཕུན་སི་ངའི་ཚབ་བྱས་ནས་འགྲོ་རྒྱུ་རེད་ཟེར། 
    སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུའི་ཤར་ཕྱོགས་སུ་ཚེས་7ཉིན་རྫས་འགྱུར་མཚོན་ཆས་བརྒྱབ་པར་བརྗོད། ཐེ་རོམ་ཕུས་ཚེས་9ཉིན། རྫས་འགྱུར་མཚོན་ཆ་སྤྱད་པ་ནི་གཟོད་པ་བྱེད་ཐབས་བྲལ་བའི་རྩུབ་སྤྱོད་ཅིག་ཡིན་པས། ཨ་རིས་དམག་དོན་ཐོག་ཁ་གཏད་འཇལ་ཐབས་མང་པོ་ཡོད་པས། ཨ་རིས་ཚེས་24བར་གྱི་ཆུ་ཚོད་48ནང་དུ་ཁ་གཏད་ཇི་ལྟར་འཇལ་རྒྱུར་ཐག་གཅོད་རྒྱུ་ཡིན་ཞེས་བསྒྲགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།